22546
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ ཕར་ཕྱིན། ཐེག་ཆེན་གྱི་རྣམ་དག་སྒོམ་ལམ་གྱི་མཚན་ཉིད་ནི། རང་གི་ཐོབ་བྱར་གྱུར་པའི་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་པར་བྱེད་པའི་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དེ་ལ་དབྱེ་ན། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དང། ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་གཉིས་སུ་ཡོད། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་དང། ཐེག་ཆེན་གྱི་རྣམ་དག་སྒོམ་ལམ་གཉིས་ལྡོག་པའི་སྒོ་ནས་དབྱེ་བ་ཙམ་ཡིན་གྱི་དོན་ལ་ཁྱད་པར་མེད་དོ། ས་མཚམས་ནི། ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད་དོ། ། |
Domain | ཆོས་ལུགས། |
{{#arraymap:ཐེག་ཆེན་གྱི་རྣམ་དག་སྒོམ་ལམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་ཤེས་སྒྲིབ་ལས་གྲོལ་བའི་རྣམ་དག དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། ས་གཉིས་པའི་རྣམ་གྲོལ་ལམ་ནས། ས་བཅུ་པའི་རྣམ་གྲོལ་ལམ་གྱི་བར་དུ་དགུ་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། པཎ་ཆེན་ཤཱཀྱ་མཆོག་གིས། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག། མཉམ་གཞག་རྣམ་གྲོལ་ལམ་གྱི་ངོ་བོར་སྐྱེས་པའོ། །ས་མཚམས་ནི། ས་གཉིས་པ་ནས་བཅུ་པའི་བར་ན་ཡོད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས། པཎ་ཆེན་ངག་ཆོས་ཀྱིས། མཚན་ཉིད་ནི། ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་གང་ཞིག རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྒྲིབ་པ་ལས་གྲོལ་བའི་རྣམ་གྲོལ་དེའོ། །ཞེས་གསུངས། |
{{#arraymap:ཐེག་ཆེན་གྱི་རྣམ་དག་སྒོམ་ལམ་
|; |@@@ | | }}