22547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་རྣམ་རྫོགས་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་སྐྱོན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་ཆེན་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་གེགས་དེ། ཐེག་ཆེན་གྱི་རྣམ་རྫོགས་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་སྐྱོན་གྱི་མཚན་ཉིད། དེ་ལ་ཁོ་རང་ཡིན་པར་གྱུར་པའི་སྐྱོན་བཞི་བཅུ་རྩ་དྲུག་ཏུ་ཡོད་དོ། །དེས་ན་ཐེག་ཆེན་སྦྱོར་བའི་སྐྱོན་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་ཆེན་སྦྱོར་བ་སྒོམ་པར་བྱེད་པའི་གང་ཟག་རྣམས་ཀྱིས་སྐྱོན་དེ་ངོས་འཛིན་པའི་སྒོ་ནས་སྐྱོན་དེ་འབད་པས་སྤོང་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ས་མཚམས། ལམ་མ་ཞུགས་ནས་ས་བདུན་པའི་བར་ན་ཡོད་དོ། །
Domain ཆོས་ལུགས།