22551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་ཡུལ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་གང་ཞིག ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པ། དེས་ན་སྐབས་འདིར། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་སུ་གྱུར་པའི་མཐོང་ལམ་དང༌། དེར་གྱུར་པའི་སྒོམ་ལམ་གཉིས་ཀ་བསྟན་པ་ཡིན་ཏེ། དེའི་ངོ་བོ་ཉིད་མཆོག་ཉིད། །ཅེས་པས་དང་པོ་དེ་བསྟན། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་ཀྱིས་གཉིས་པ་བསྟན་པའི་ཕྱིར། འོ་ན་ཐེག་དམན་གྱི་ལམ་ཤེས་པའི་ལམ་ཤེས་སུ་གྱུར་པའི་མཐོང་ལམ་དངོས་སུ་བསྟན། དེ་འདྲའི་སྒོམ་ལམ་དངོས་སུ་མི་སྟོན་ཅིང༌། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་གཉིས་ཀ་དངོས་སུ་སྟོན་པའི་རྒྱུ་མཚན་དེ་ཅི་ཡིན་ཟེར་ན། དང་པོ་དེའི་རྒྱུ་མཚན་ཡོད་དེ། བྱང་སེམས་རྣམས་ཀྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་ལམ་དང༌། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་རང་རྒྱལ་གྱི་ལམ་གཉིས་མཐོང་ལམ་ཐོབ་ཚུན་ཆད་དུ་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་ཉམས་སུ་ལེན་ཅིང༌། མཐོང་ལམ་ཐོབ་ནས་སྒོམ་ལམ་གྱི་གནས་སྐབས་སུ་གོམས་པ་ལྷུར་ལེན་གྱིས་ཚུལ་གྱི་ཉམས་སུ་མི་ལེན་པ་ཡིན་པའི་ཕྱིར། བྱང་སེམས་རྣམས་ཀྱིས་མཐོང་ལམ་ཐོབ་ཚུན་ཆད་དུ་དེ་ལྟར་ཉམས་སུ་ལེན་པ་ཡིན་ཏེ། བྱང་སེམས་རྣམས་ཀྱིས་གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་འཛིན་པ་ལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་ལམ་དང༌། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་རང་རྒྱལ་གྱི་ལམ་གཉིས་རྟོགས་དགོས་ཤིང༌། དེ་མ་རྟོགས་ན་གང་ཟག་གི་བདག་འཛིན་གྱིས་དབང་དུ་འགྲོ་ལ། དེའི་དབང་དུ་སོང་ན་རང་གཞན་གཉིས་ཀའི་དོན་མི་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་ལ་ཡང་རྒྱུ་མཚན་ཡོད་དེ། བྱང་སེམས་སྒོམ་ལམ་པས་གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་འཛིན་པ་ལ། ལམ་དེ་གཉིས་རྟོགས་ཤིང༌། གང་ཟག་གི་བདག་འཛིན་གྱི་ཞེན་ཡུལ་དང། གཟུགས་ཕུང་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པའི་ཞེན་ཡུལ་སུན་ཕྱུང་ནས། མཐོང་ལམ་རང་རྒྱུད་ལ་འགྲུབ་ཅིང༌། གང་ཟག་གི་བདག་འཛིན་ལྷན་སྐྱེས་དང༌། གཟུགས་ཕུང་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་ལྷན་སྐྱེས་གཉིས་པོ་དེ། ཤེས་སྒྲིབ་སྤོང་བའི་ཞར་ལ་སྤོང་ནུས་ཡིན་པའི་ཕྱིར། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་འཆད་པའི་གནས་སྐབས་སུ། ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་གཉིས་དངོས་སུ་སྟོན་པའི་རྒྱུ་མཚན་ཡོད་དེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་སུ་གྱུར་པའི་ཐེག་ཆེན་མཐོང་སྒོམ་གྱི་ལམ་གཉིས་གཙོ་བོར་ཉམས་སུ་ལེན་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ།།
Domain ཆོས་ལུགས།