22561
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད་ནི། རང་གི་ཐོབ་བྱར་གྱུར་པའི་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་པར་བྱེད་པའི་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དེ་ལ་དབྱེ་ན། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དང། ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་གཉིས་སུ་ཡོད། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་དང། ཐེག་ཆེན་གྱི་རྣམ་དག་སྒོམ་ལམ་གཉིས་ལྡོག་པའི་སྒོ་ནས་དབྱེ་བ་ཙམ་ཡིན་གྱི་དོན་ལ་ཁྱད་པར་མེད་དོ། ས་མཚམས་ནི། ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད་དོ། ། |
| Domain | ཆོས་ལུགས། |