22565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ཤེས་ཁྱད་བྱེད་གསུམ་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་རོ། །དབྱེ་ན། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ལས། དང་པོ་ནི། མི་གནས་པའི་སྦྱོར་བ་དང། ཞེན་སྤྱོད་འགོག་པའི་སྦྱོར་བ་དང། ཟབ་པའི་དང་། གཏིང་དཔག་དཀའ་བའི་དང་། ཚད་མེད་པའི་སྦྱོར་བ་རྣམས་སོ། །གཉིས་པ་ནི། ཚེགས་ཆེན་ཡུན་རིང་དུ་རྟོགས་པའི་དང། ལུང་བསྟན་ཐོབ་པ་དང། ཕྱིར་མི་ལྡོག་པ་དང། ངེས་པར་འབྱུང་བའི་དང། བར་ཆད་མེད་པའི་དང། བྱང་ཆུབ་ལ་ཉེ་བའི་དང། མྱུར་བར་བྱུང་ཆུབ་པའི་དང། གཞན་དོན་གྱི་དང། འཕེལ་འགྲིབ་མེད་པའི་དང། ཆོས་དང་ཆོས་མིན་སོགས་མི་དམིགས་པའི་དང། གཟུགས་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པའི་དང་། གཟུགས་ལ་སོགས་པའི་དངོས་པོར་རྣམ་པར་མི་རྟོག་པའི་དང་། འབྲས་བུ་རིན་པོ་ཆེ་སྦྱིན་པའི་དང། རྣམ་པར་དག་པའི་དང། ས་མཚམས་ཀྱི་སྦྱོར་བ་རྣམས་སོ། །ས་མཚམས་ནི། རང་བཞིན་གྱི་སྦྱོར་བ་ལྔ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ནི། དང་པོ་ཐེག་ཆེན་གྱི་ཚོགས་ལམ། དེ་ནས་བཞི་ཐེག་ཆེན་དྲོད་སོགས་བཞི་ལ་རིམ་བཞིན་དུ། དེ་ནས་གཅིག་ས་དང་པོ། དེ་ནས་གཅིག་ས་གཉིས་པ་ནས་ས་བདུན་པའི་བར། དེ་ནས་ལྔ་ས་བརྒྱད་པ། དེ་ནས་གཉིས་ས་དགུ་པ་དང་ས་བཅུ་པ་གཉིས་ལ་རིམ་བཞིན། ཐ་མ་ནི་ས་བདུན་མན་ཆད་ན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་པའི་རྣལ་འབྱོར་དེ། ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད། དབྱེ་ན། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་སྟེ་ཉི་ཤུའོ། །ས་མཚམས་ནི། ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།
ཐེག་ཆེན་གྱི་སྦྱོར་བ་ (2)
Part of speech མིང་ཚིག
Definition ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད། སྤྱིར་སྦྱོར་བ་ལ་སྦྱོར་བ་རང་གི་ངོ་བོའི་དབང་དུ་བྱས་པ་ལྔ། སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་གི་དབང་དུ་བྱས་པ་བརྒྱད། སྦྱོར་བ་རྫོགས་བྱེད་ཀྱི་ཐབས་ཀྱི་དབང་དུ་བྱས་པ་བཞི། སྦྱོར་བའི་འབྲས་བུ་འགྲུབ་པའི་དུས་མཚམས་ཀྱི་དབང་དུ་བྱས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར།