22570

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་སྦྱོར་བ་སྒོམ་པའི་ཡོན་ཏན་བཅུ་བཞི་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་ཆེན་གྱི་སྦྱོར་བ་སྒོམ་པའི་ཡོན་ཏན་བཅུ་བཞི་ཡོད་དེ། ༡ ཁོ་རང་ཡིན་པར་གྱུར་པའི་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན། ༢ སངས་རྒྱས་ཀྱིས་དགོངས་ཤིས་མཁྱེན་པའི་ཡོན་ཏན། ༣ སངས་རྒྱས་ཀྱི་མངོན་སུམ་དུ་མཛད་པའི་ཡོན་ཏན། ༤ རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན། དོན་ཆེ་བ། ཕན་ཡོན་ཆེ་བ། འབྲས་བུ་ཆེ་བ། རྣམ་སྨིན་ཆེ་བ་སོགས་ཀྱི་ཡོན་ཏན། ༥ ཡུལ་དཔྱད་པའི་ཡོན་ཏན། ༦ ཟག་མེད་ཀྱི་ཡོན་ཏན། ༧ ཐམས་ཅད་རྫོགས་པའི་ཡོན་ཏན། ༨ ཟབ་མོ་སྨྲ་བའི་སྐྱེས་བུའི་ཡོན་ཏན། ༩ མི་མཐུན་ཕྱོགས་ཀྱིས་མི་ཕྱེ་བའི་ཡོན་ཏན། ༡༠ དགེ་བའི་རྩ་བ་ཐུན་མོང་མིན་པ་སྐྱེ་བའི་ཡོན་ཏན། ༡༡ དམ་བཅའ་དོན་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་ཡོན་ཏན། ༡༢ འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན། ༡༣ སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན། ༡༤ ཚེ་བརྗེས་ཀྱང་ཡུམ་ངེས་པར་ཐོབ་པའི་ཡོན་ཏན་དང་བཅུ་བཞི་ཡོད་དེ། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཐེག་ཆེན་གྱི་སྦྱོར་བ་སྒོམ་པའི་ཡོན་ཏན་བཅུ་བཞི་

|; |@@@ | | }}