22576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཤེས་སྒྲིབ་རྫས་འཛིན་རྟོག་པ་མངོན་གྱུར་བ་དཔལ་གཞོམ་པའི་ནུས་པ་གཙོ་བོར་ཐོབ་ཅིང་དེས་ཟིན་པའི་དེ་གསུམ་པར་དམིགས་པ། དེ་ལ་དབྱེ་ན། དེ་ཆུང་འབྲིང་ཆེན་པོ་གསུམ་དུ་ཡོད། རྒྱུད་གཅིག་པའི་དབང་དུ་བྱས་ན། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ལ་གནས་པའི་སེམས་དཔའི་རྒྱུད་ལ་དང་པོར་སྐྱེས་པ་དང༌། བར་དུ་སྐྱེས་པ་དང༌། ཐ་མར་སྐྱེས་པའི་ཐེག་ཆེན་གྱི་སྦྱོར་ལམ་རྣམ་པ་གསུམ་པོ་དེ་དེར་རིམ་པ་བཞིན་འཇོག་ལ། རྒྱུད་ཐ་དད་པའི་དབང་དུ་བྱས་ན། ཐེག་ཆེན་གྱི་སྦྱོར་ལམ་བཟོོད་པ་ལ་གནས་པའི་སེམས་དཔའ་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱི་དེ་གསུམ་པོ་དེ་དེ་གསུམ་དུ་རིམ་པ་ལྟར་འཇོག་གོ །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་

|; |@@@ | | }}

ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། ཤེས་སྒྲིབ་རྫས་འཛིན་འཛིན་རྟོག་ཀུན་བཏགས་མངོན་གྱུར་བ་འཇོམས་ནུས་པའི་ཤེས་རབ་གཙོ་བོར་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པ་དེ། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པའི་མཚན་ཉིད་ཡིན། སྒྲ་བཤད་ནི། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་དེ་ལ། བཟོད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་རྣམས་བདེན་སྟོང་དུ་རྟོགས་པ་ལ་མི་སྐྲག་པར་བཟོད་པའི་བཟོད་པ་ཐོབ་པས་ན། དེ་ལྟར་བརྗོད་པའི་ཕྱིར།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་

|; |@@@ | | }}