22584
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཐེག་པ་ཆེན་པོའི་ཐར་པ་ཐོབ་པར་བྱེད་པའི་ཆ་དང་མཐུན་པའི་བྱང་སེམས་ཀྱི་མངོན་རྟོགས་ཤིག་ལ་ཐེག་ཆེན་ཐར་པ་ཆ་མཐུན་ཞེས་བརྗོད། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། སྟོང་ཉིད་རྟོགས་པའི་བྱང་སེམས་ཀྱི་ཚོགས་ལམ་ཆོས་ཅན། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་སྟོན་པའི་སྐབས་འདི་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དེ། དོན་དམ་པར་མཚན་མ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་རབ་ཏུ་སྦྱིན་པ་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་རང་རྒྱུད་ལ་ཡང་དག་པར་སྒྲུབ་པ་ལ་མཁས་པའི་གང་ཟག་གི་རྒྱུད་ཀྱི་ཆོས་མངོན་རྟོགས་ཡིན་པའི་ཕྱིར། ཞེས་གསུངས། དེ་ལ་དབྱེ་ན། སངས་རྒྱས་སོགས་ལ་དམིགས་པའི་དད་པ་དང༌། བསམ་པ་ཕུན་ཚོགས་དྲན་པ། སྦྱིན་སོགས་སྤྱོད་ཡུལ་དུ་སྤྲོ་བའི་བརྩོན་འགྲུས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན། ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་སྟེ་ལྔའོ། ། |
| Domain | ཆོས་ལུགས། |