22600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་མོས་པ་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དབུ་མ་པ། ཐེག་ཆེན་གྱི་གཞུང་ལམ་འབྲས་གསུམ་ལ་ཡིད་ཆེས་པའི་སེམས་བྱུང་མོས་པ་ཞིག་ལ་ཐེག་ཆེན་མོས་པ་སྒོམ་ལམ་ཞེས་ཟེར། སྐབས་འདིར་མོས་པ་སྒོམ་ལམ་གྱི་མཐའ་དཔྱད་པ་ལ་བཞི་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མོས་པའི་ཡུལ་བཤད་པ། ངོ་བོ། དབྱེ་བ། ས་མཚམས་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་པོ་དེ་མོས་པའི་ཡུལ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ལ་ཡིད་ཆེས་པའི་སེམས་བྱུང་མོས་པ་ཞིག་ལ་འཇོག་པའི་ཕྱིར། གསུམ་པ་ཡོད་དེ། རང་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ། གཞན་དོན་མོས་པ་སྒོམ་ལམ་གསུམ་དུ་ཡོད་པའི་ཕྱིར། བཞི་པ་ས་མཚམས་ལ། སྤྱིར་སྒོམ་ལམ་དགུ་གའི་རྗེས་ཐོབ་ན་མོས་པ་སྒོམ་ལམ་གསུམ་གསུམ་བཞག་པ་ལ་འགལ་བ་མེད་པའི་ཕྱིར་ཏེ། རང་དོན་མོས་པ་སྒོམ་ལམ་ཆེན་པོའི་ཆེན་པོ་དང། གཉིས་དོན་མོས་པ་སྒོམ་ལམ་དང། གཞན་དོན་མོས་པ་སྒོམ་ལམ་ཆུང་ངུའི་ཆུང་ངུ་བཞག་དགོས་ལ། དང་པོ་ཡིན་ན་ཐེག་ཆེན་གྱི་སྒོམ་ལམ་ཆེན་པོའི་ཆེན་པོ་ཡིན་དགོས། གཉིས་དོན་མོས་པ་སྒོམ་ལམ་དང། གཞན་དོན་མོས་པ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ཡིན་ན། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ཡིན་དགོས་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།