22608
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་ལས་བྱུང་བ་སྟེ། ༡ གཟུགས་སྒྲ་ལ་སོགས་པའི་རྣམ་པ་མང་པོ་ལ་ཞེན་ནས་རྣམ་པར་རྟོག་པའི་སྤོབས་པ་དུ་མ་འབྱུང་དང་པོ། ༢ ཡི་གེ་འབྲི་བ་ཉིད་ལ་ཡུམ་དུ་མངོན་པར་ཞེན་པ་གཉིས་པ། ༣ དངོས་པོ་མེད་པ་ཙམ་ལ་ཡུམ་དུ་མངོན་པར་ཞེན་པ་གསུམ་པ། ༤ ཡི་གེ་བྲིས་ཟིན་པ་ཙམ་ལ་ཡུམ་དུ་མངོན་པར་ཞེན་པ་བཞི་པ། ༥ ཡི་གེ་མེད་པ་ཁོ་ན་ལ་ཡུམ་དུ་མངོན་པར་ཞེན་པ་ལྔ་པ། ༦ ཉམས་དགའ་ལ་སོགས་པ་ཡུལ་དང་ཁྱིམ་གཅིག་པ་གྲོང་། བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པ་གྲོང་ཁྱེར། ཚོང་པ་མང་པོ་ཡོད་པའི་གྲོང་བརྡལ། མི་རིགས་གནས་པའི་ཕྱོགས་ལྗོངས་ལ་སོགས་པ་རྣམས་ཡིད་ལ་བྱེད་པ་དྲུག་པ། ༧ རིན་པོ་ཆེ་ཐོབ་པ་སོགས་ཀྱི་རྙེད་པ་དང་། དཔལ་གྱི་དར་དཔྱང་བཅིང་བ་སོགས་ཀྱི་བཀུར་སྟི་དང་། ཚིགས་སུ་བཅད་པ་སྟེ་སྙན་པའི་རོ་མྱོང་བ་ནི་བདུན་པ། ༨ སངས་རྒྱས་ཐོབ་པའི་ཐབས་མ་ཡིན་པ་བདུད་ཀྱིས་བསྟན་པའི་སྡེ་སྣོད་ལས་ཐབས་ལ་མཁས་པ་ཚོལ་བའོ། ། |
| Domain | ཆོས་ལུགས། |