22614
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། བྱང་སེམས་སོ་ཐར་གྱི་སྡོམ་པ་འདི་ནི་ཇི་སྲིད་སེམས་མ་ཉམས་ཀྱི་བར་དུ་ཡོད་པ་ཡིན་ཏེ། བྱང་ཆུབ་སྙིང་པོའི་མཐའ་ཅན་གྱི་སྡོམ་པ་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དགོངས་པ་ཡང་ནི་དོན་འདི་ཉིད་ཡིན་ཏེ། བྱང་སེམས་སོ་སོར་ཐར་པའི་མདོ་དང་། ཆོས་གཞི་བསྟན་པའི་མདོ་སོགས་ལས་སོ་ཐར་ཤི་འཕོས་ནས་ཀྱང་རྗེས་སུ་འབྲང་བར་གསུངས་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |