22617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན་འཕགས་པས་སྔར་མཐོང་ཟིན་པའི་གནས་ལུགས་དེ་སླར་ཡང་གོམས་པར་བྱེད་པའི་ལམ་ཞིག་ལ་ཐེག་ཆེན་སྒོམ་ལམ་ཞེས་ཟེར། གཉིས་པ་བརྟེན་པ་ཐེག་ཆེན་གྱི་སྒོམ་ལམ་ལ་གཉིས་སུ་ཡོད་དེ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་དང་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གཉིས་སུ་ཡོད་པའི་ཕྱིར། ཐེག་ཆེན་གྱི་སྒོམ་ལམ་ལ་དེ་གཉིས་སུ་གྲངས་ངེས་པའང་ཡིན་ཏེ། ཐེག་ཆེན་གྱི་སྒོམ་ལམ་ཉམས་སུ་ལེན་ཚུལ་ལ་ཆོས་སྐུའི་ལག་རྗེས་འཇོག་པའི་ཕྱིར་དུ་མཉམ་གཞག་གིས་བསྡུས་པའི་ཐེག་ཆེན་གྱི་སྒོམ་ལམ་ཉམས་སུ་ལེན་ཚུལ་དང། གཟུགས་སྐུའི་ལག་རྗེས་འཇོག་པའི་ཕྱིར་དུ་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་སྒོམ་ལམ་ཉམས་སུ་ལེན་ཚུལ་གཉིས་སུ་ངེས་པའི་ཕྱིར། འོ་ན་ཟག་བཅས་ཟག་མེད་དུ་འཇོག་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་སྐབས་འགར་རྗེས་ཐོབ་ཡེ་ཤེས་ལ་ཟག་བཅས་དང་མཉམ་གཞག་ཡེ་ཤེས་ལ་ཟག་མེད་དུ་བཤད། སྐབས་འགར་སོ་སྐྱེའི་མངོན་རྟོགས་ལ་ཟག་བཅས་དང། འཕགས་པའི་མངོན་རྟོགས་ལ་ཟག་མེད་དུ་བཤད། སྐབས་འགར་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བཅས་པ་ལ་ཟག་བཅས་དང། དེ་དང་བྲལ་བ་ལ་ཟག་མེད་དུ་བཤད་པ་སོགས་མང་དུ་ཡོད་པའི་ནང་ནས། རང་ལུགས་ཕྱི་མ་ལྟར་ཡིན་ལ། དེ་ལྟར་བྱས་ན་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཐེག་ཆེན་ཟག་བཅས་སྒོམ་ལམ་གྱི་ངོ་བོ། དེ་དང༌བྲལ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གྱི་ངོ་བོ་ཡིན། དང་པོ་ལ་དབྱེ་ན། ཐེག་ཆེན་གྱི་མོས་པ་སྒོམ་ལམ། བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་གསུམ། ཕྱི་མ་ལ་དབྱེ་ན། སྒྲུབ་པ་སྒོམ་ལམ་དང། རྣམ་དག་སྒོམ་ལམ་གཉིས་སུ་ཡོད་དོ། །
Domain ཆོས་ལུགས།