From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐེག་ཆེན་སྒྲུབ་པའི་དམིགས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། ཐེག་ཆེན་ལམ་གྱི་སྒྲོ་འདོགས་གཅོད་པར་བྱ་བའི་གཞིར་གྱུར་པ་ཞིག་ལ་ཟེར། དོན་བདུན་ཅུ་ལས། ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད། ཅེས་གསུངས། གཞི་གྲུབ་ན་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པ་ཁས་ལེན་དགོས་ཏེ། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་སོགས་ཀྱི་སྐབས་སུ་སྦྱོར་བ་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཆོས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཕར་ཕྱིན་སྤྱི་དོན་ལས་དེ་དང་མཐུན་པར་གསུངས།
|
| Domain
|
ཆོས་ལུགས།
|
ཐེག་ཆེན་སྒྲུབ་པའི་དམིགས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་བཅད་པར་བྱ་བའི་གཞིའོ། །དབྱེ་ན། ཆོས་ཐམས་ཅད་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ལ། བསྡུ་ན་བཅུ་གཅིག་གོ།
|
ཐེག་ཆེན་སྒྲུབ་པའི་དམིགས་པ་ (3)
| Part of speech
|
མིང་ཚིག
|
| Definition
|
བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཐེག་ཆེན་གྱི་སྒྲུབ་པས་སྒྲོ་འདོགས་བཅད་པར་བྱ་བའི་གཞིར་དམིགས་པ། ཐེག་ཆེན་གྱི་སྒྲུབ་པའི་དམིགས་པའི་མཚན་ཉིད། དེ་ལ་དབྱེ་ན། དགེ་བ་ལ་སོགས་པ་བཅུ་གཅིག་ཏུ་ཡོད།
|