22627
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལེན་པའི་ཚེ་སྒྲོ་འདོགས་གཅོད་པར་བྱ་བའི་གཞིའི་ཆོས་རྣམས་ལ་ཐེག་ཆེན་སྒྲུབ་པའི་དམིགས་པ་ཞེས་འཇོག པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ཆོས་རྣམས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། དམིགས་པ་དེ་ཡང་ཆོས་ཅན། བཅུ་གཅིག་ཏུ་ཡོད་དེ། སྤྱིའི་དབྱེ་བ་དགེ་བ་ལ་སོགས་པ་གསུམ། འཇིག་རྟེན་ལས་འདས་མ་འདས་ཀྱི་སྒོ་ནས་དབྱེ་བ། འཇིག་རྟེན་པའི་རྟོགས་པ་དང་གང་དག་འཇིག་རྟེན་ལས་འདས་པར་འདོད་པའི་རྟོགས་པ། སྤང་གཉེན་གྱི་སྒོ་ནས་དབྱེ་བ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས། བདེན་པའི་སྒོ་ནས་དབྱེ་བ་གང་དག་འདུས་བྱས་ལམ་གྱི་བདེན་པ་དང༌། འདུས་མ་བྱས་འགོག་པའི་བདེན་པ་དང༌། ཡོན་ཏན་གྱི་སྒོ་ནས་དབྱེ་བ། སློབ་མ་ཉན་རང་སོགས་དང་ཐུན་མོང་བའི་ཆོས་དང་། གང་དག་ཐུབ་པའི་ཐུན་མོང་མ་ཡིན་པའི་ཆོས་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |