22635

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་སྦྱོར་བའི་ཡོན་ཏན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐེག་ཆེན་སྦྱོར་བའི་གནས་སྐབས་སུ་ཐོབ་པའི་ཡོན་ཏན་ནོ། །དབྱེ་ན། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་བཅུ་བཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ཐེག་ཆེན་གྱི་སྦྱོར་བ་བསྒོམ་པའི་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཐེག་ཆེན་གྱི་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད། དབྱེ་ན། བཅུ་བཞི། ས་མཚམས་ནི། ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་སྦྱོར་བའི་ཡོན་ཏན་

|; |@@@ | | }}

ཐེག་ཆེན་སྦྱོར་བའི་ཡོན་ཏན་ (2)
Part of speech མིང་ཚིག
Definition ཐེག་ཆེན་གྱི་སྦྱོར་བ་ཐོབ་པ་སྔོན་དུ་སོང་བའི་སྒོ་ནས། ཐེག་ཆེན་གྱི་སྦྱོར་བ་ལ་བརྟེན་ནས་ཐོབ་པའི་རྣམ་དཀར་ཀྱི་ཡོན་ཏན་དེ། ཐེག་ཆེན་སྦྱོར་བའི་ཕན་ཡོན་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན་བཅུ་བཞིའོ། །

{{#arraymap:ཐེག་ཆེན་སྦྱོར་བའི་ཡོན་ཏན་

|; |@@@ | | }}