From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐེག་ཆེན་སྦྱོར་བའི་སྐྱོན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཐེག་ཆེན་སྦྱོར་བའི་སྐྱོན་གྱི་མཚན་ཉིད་ནི། ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་བདུད་ལས་སོ། །དབྱེ་ན། རང་ལ་བརྟེན་པའི་འགལ་རྐྱེན་ཉི་ཤུ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་སྟེ་ཞེ་དྲུག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ། ཐེག་ཆེན་སྦྱོར་བའིི་སྐྱོན་གྱི་མཚན་ཉིད། དབྱེ་ན། ཞེ་དྲུག ། ས་མཚམས་ནི། ས་བདུན་པ་མན་ཆད་ན་ཡོད་དོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|
| Domain
|
ཆོས་ལུགས།
|
ཐེག་ཆེན་སྦྱོར་བའི་སྐྱོན་ (2)
| Part of speech
|
མིང་ཚིག
|
| Definition
|
ཐེག་ཆེན་གྱི་སྦྱོར་བ་ཉམས་སུ་ལེན་པའི་འགལ་རྐྱེན་དུ་གྱུར་པའི་དོར་བྱ་དེ། ཐེག་ཆེན་གྱི་སྦྱོར་བ་ཉམས་སུ་ལེན་པའི་འགལ་རྐྱེན་དུ་གྱུར་པའི་སྐྱོན་གྱི་མཚན་ཉིད་ཡིན། དབྱེ་ན་ཞེ་དྲུག་གོ །
|