22643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་སྦྱོར་ལམ་བཟོད་པ་རྩེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐབས་ཤེས་ཀྱི་རྟོགས་པ་བརྟན་པོས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པར་དམིགས་པ་དེ། ཐེག་ཆེན་སྦྱོར་ལམ་བཟོད་པ་རྩེ་སྦྱོར་གྱི་མཚན་ཉིད་ཡིན། ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་གཉིས་ཀྱང་བཞག་ཏུ་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་དང། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་ནི་ཐབས་ཀྱི་རྟོགས་པ་བརྟན་པོ་དང། དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཤེས་རབ་ཀྱི་རྟོགས་པ་བརྟན་པོར་འཇོག་པ་ཡིན་ནོ། །
Domain ཆོས་ལུགས།