22644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་སྦྱོར་ལམ་རྩེ་མོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཐེག་ཆེན་སྦྱོར་ལམ་དྲོད་གོམས་པ་གོང་དུ་འཕེལ་བའི་སྟོབས་ཀྱིས་དགེ་རྩ་གཡོ་བའི་རྩེ་མོའམ་ཉམས་པ་མེད་པའི་སྐབས་དེ་ལ་སྦྱོར་ལམ་རྩེ་མོ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་མངོན་གྱུར་པ་མགོ་གནོན་ནུས་པའི་ཐེག་ཆེན་གྱི་སྦྱོར་ལམ། རྩེ་མོའི་འཇོག་བྱེད། དབྱེ་ན་ངོ་བོའི་སྒོ་ནས་ཆེ་འབྲིང་ཆུང་གསུམ། རྒྱུད་ཀྱི་སྒོ་ནས་རྣོ་འབྲིང་རྟུལ་གསུམ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱིས་ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་གྱུར་པ་མགོ་གནོན་ནུས་པ་ལྟར་དུ་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་མངོན་གྱུར་པ་མགོ་གནོན་མི་ནུས། རྩེ་མོས་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་མངོན་གྱུར་པ་མགོ་གནོན་ནུས་པ་ལྟར་དུ་ཤེས་སྒྲིབ་རྫས་འཛིན་རྟོག་པ་མངོན་གྱུར་པ་མགོ་གནོན་མི་ནུས། བཟོད་པས་ཤེས་སྒྲིབ་རྫས་འཛིན་རྟོག་པ་མངོན་གྱུར་པ་མགོ་གནོན་ནུས་པ་ལྟར་དུ་ཤེས་སྒྲིབ་བཏགས་འཛིན་རྟོག་པ་མངོན་གྱུར་པ་མགོ་གནོན་མི་ནུས། ཞེས་གསུངས།
Domain ཆོས་ལུགས།