22652

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་དམན་གྱི་མྱང་འདས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཉོན་སྒྲིབ་སྤངས་པའི་ཐེག་དམན་གྱི་སོ་སོར་བརྟགས་འགོག དེ་ལ་དབྱེ་ན། རང་རྒྱལ་གྱི་མྱང་འདས་དང། ཉན་ཐོས་ཀྱི་མྱང་འདས་གཉིས། ཉོན་སྒྲིབ་སྤངས་པའི་རང་རྒྱལ་གྱི་སོ་སོར་བརྟགས་འགོག དང་པོའི་མཚན་ཉིད། ཉོན་སྒྲིབ་སྤངས་པའི་ཉན་ཐོས་ཀྱི་སོ་སོར་བརྟགས་འགོག གཉིས་པའི་མཚན་ཉིད།
Domain ཆོས་ལུགས།
ཐེག་དམན་གྱི་མྱང་འདས་ (2)
Part of speech མིང་ཚིག
Definition ཉོན་སྒྲིབ་སྤངས་པའི་ཐེག་དམན་གྱི་བྲལ་བ། དེ་ལ་དབྱེ་ན། ཉན་ཐོས་ཀྱི་དེ་དང། རང་རྒྱལ་གྱི་དེ་གཉིས་ཡོད། ཉོན་སྒྲིབ་སྤངས་པའི་ཉན་ཐོས་ཀྱི་བྲལ་བ། ཉན་ཐོས་ཀྱི་མྱང་འདས་ཀྱི་མཚན་ཉིད་དང། གཟུགས་ཕུང་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་རང་རྒྱལ་གྱི་བྲལ་བ། རང་རྒྱལ་གྱི་མྱང་འདས་ཀྱི་མཚན་ཉིད། མྱང་ཐོས་ཀྱི་མྱང་འདས་དང་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་དོན་གཅིག དེས་རང་རྒྱལ་ལ་ཡང་ཤེས་དགོས་སོ། །