22666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་གསུམ་ (1)
Part of speech མིང་ཚིག
Definition མདོ། ཐེག་པ་གསུམ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་ཐེག་པ་གསུམ་དུ་གསུངས་ཏེ། དཀོན་ཅོག་འགྲེལ་ལས། ཐེག་པ་ནི་གསུམ་དུ་ཡང་བསྟན་ཏེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པའི་ཐེག་པའོ། །ཞེས་གསུངས།
Domain ཆོས་ལུགས།
ཐེག་པ་གསུམ་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཀུན་འབྱུང་འདྲེན་པའི་ཐེག་པ་དང། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང། དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ། མདོ་དགོངས་པ་འདུས་པའི་ལེའུ་ཞེ་ལྔ་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག ། དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས།
ཐེག་པ་གསུམ་ (3)
Part of speech མིང་ཚིག
Definition ཐབས་ཀྱི་རྩལ་ཆེན་གསུམ་དང་གཅིག་པ་ཡིན།