22668

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་གསུམ་གྱི་ཁྱད་པར་ལྔ་ (1)
Part of speech མིང་ཚིག
Definition རིགས་ཀྱི་ཁྱད་པར་ནི། སྔོན་བདེན་པ་བཞི་མཉན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་དང་ཕ་རོལ་ཕྱིན་པ་དག་མཉན་པའི་བག་ཆགས་ཐ་དད་པ་ཡོད་པ་ནི་རིགས་ཀྱི་ཁྱད་པར་ཞེས་བྱ་བའོ། ། འཇུག་པའི་ཁྱད་པར་ནི། ཐེག་པ་ཆུང་ངུ་དང་འབྲིང་པོ་ནི་རང་གི་དོན་ལ་འཇུག ཐེག་པ་ཆེན་པོ་ནི་བདག་དང་གཞན་གཉིས་ཀའི་དོན་བྱེད་པ་ནི་འཇུག་པའི་ཁྱད་པར་ཞེས་བྱ་བའོ། ། དུས་ཀྱི་ཁྱད་པར་ནི། ཉན་ཐོས་ནི་ཚེ་གསུམ་དང་ཚེ་བདུན། རང་སངས་རྒྱས་ནི་བསྐལ་པ་བརྒྱས་དགྲ་བཅོམ་པ་འཐོབ། ཐེག་པ་ཆེན་པོ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་འཚང་རྒྱ་བ་དག་ནི་དུས་ཀྱི་ཁྱད་པར་ཞེས་བྱ་བའོ། ། བྱང་ཆུབ་ཀྱི་ཁྱད་པར་ནི། ཐེག་པ་གཉིས་ནི་གང་ཟག་ལ་བག་མེད་པར་ཆུད། ཐེག་པ་ཆེན་པོ་ནི་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་ཆུད་པ་ནི་བྱང་ཆུབ་ཀྱི་ཁྱད་པར་ཞེས་བྱའོ། ། རྣམ་པར་གྲོལ་བའི་ཁྱད་པར་ནི། ཐེག་པ་གཉིས་ཀྱིས་ཞི་བ་ཕྱོགས་གཅིག་པའི་དགྲ་བཅོམ་པ་ཐོབ་ལ། ཐེག་པ་ཆེན་པོས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་དག་ནི་རྣམ་པར་གྲོལ་བའི་ཁྱད་པར་ཞེས་བྱ་བའོ། །
Domain ཆོས་ལུགས།