22679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེ་ཆུང་གི་ཤ་ཡི་གནང་བཀག་ (1)
Part of speech མིང་ཚིག
Definition ཉན་ཐོས་རྣམ་གསུམ་དག་པའི་ཤ། །བཟའ་རུང་གལ་ཏེ་མི་བཟའ་ན། །ལྷས་བྱིན་གྱི་ནི་བརྟུལ་ཞུགས་འགྱུར། །ཐེག་པ་ཆེ་ལས་ཤ་རྣམས་བཀག ། ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། །ཐེག་པ་ཆེ་ཆུང་གནང་བཀག་ཐ་དད་དེ། འདུལ་བ་ལས་ཉན་ཐོས་རྣམས་ལ། དང་པོར་བསླབ་པའི་གཞི་འཆའ་བའི་དུས་སུ། རྣམ་གསུམ་དག་པའི་ཤ་བཟའ་རུང་བར་གནང་ཞིང། གལ་ཏེ་དེའི་ཚེ་ཡང་མ་གནང་ངོ་སྙམ་ནས་མི་ཟ་ན། ལྷས་བྱིན་གྱི་བརྟུལ་ཞུགས་སུ་འགྱུར་བའི་ཕྱིར་དང། ཐེག་པ་ཆེན་པོ་ལས། དང་པོ་ཉིད་ནས་རྣམ་གསུམ་དག་པ་དང། མ་དག་པའི་ཤ་རྣམས་ཐམས་ཅད་བཀག་ཅིང། ཟོས་ན་ངན་འགྲོའི་རྒྱུར་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།