22699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་བ་མདོ་དང་སྦྱར་བ་ངེས་པའི་དོན་གྱི་སྣང་བ་ (1)
Part of speech མིང་ཚིག
Definition དབུ་མའི་སྐོར། མདོ་དང་སྦྱར་བའི་ཐེག་ཆེན་རྒྱུད་བླ་མའི་འགྲེལ་བ་ཞིག་སྟེ། བརྗོད་བྱ་ནི་ངེས་དོན་ཟབ་མོ་བདེ་གཤེགས་སྙིང་བོ་སྟེ། གཞུང་དེའི་དབུར། དེ་ལ་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པར་གྱུར་པ་ཐེག་པ་ཆེན་པོ། དེའི་ནང་ནས་ཀྱང་ངེས་དོན་གཙོ་བོར་སྟོན་པ་དོན་དམ་རྣམ་པར་ངེས་པའི་མདོ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་དང་། ལྷག་པའི་བསམ་པ་བརྟན་པའི་ལེའུའི་ནང་ཚན། དཔལ་འཕྲེང་སེང་གེའི་སྒྲ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། སངས་རྒྱས་ཕལ་པོ་ཆེ་དང་། ཐེག་པ་ཆེན་པོའི་མན་ངག་དང་། འགྲིབ་པ་དང་འཕེལ་བ་མེད་པ་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་དང་། ནམ་མཁའ་མཛོད་ཀྱིས་ཞུས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པ་དང་། གཙུག་ན་རིན་པོ་ཆེས་ཞུས་པ་དང་། སོར་མོའི་ཕྲེང་བ་ལ་ཕན་པ་དང་། དམ་པའི་ཆོས་པད་མ་དཀར་པོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལ་སོགས་པ་མདོ་དུ་མའི་དོན་མཆོག་ཏུ་ཟབ་ཅིང་རྟོགས་པར་དཀའ་བ་རྣམས་གདུལ་བྱ་དབང་བོ་མཆོག་ཏུ་རྣོ་བ། མོས་དགེ་ཕུན་སུམ་ཚོགས་པའི་བློ་ཅན་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུ། རྒྱལ་བའི་སྲས་ཀྱི་ཐུ་བོ་བྱམས་པ་མཆོག་གི་ཐུགས་རྗེས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་འདི་མཛད་དེ། འདི་ནི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །ཞེས་བྱུང་། མཛད་པ་པོ་ནི་རིན་ཆེན་ཡེ་ཤེས་ཡིན་ལ། འབྲས་སྤུངས་དཔེ་རྙིང་བཀའ་རྒྱ་མ། གཞུང་ཚད་ལ་པོད་གཅིག་ཙམ་བཞུགས།