22701

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོ་རྒྱུད་བླ་མའི་རྣམ་བཤད་ངེས་དོན་རབ་གསལ་སྣང་བ་ (1)
Part of speech མིང་ཚིག
Definition དབུ་མའི་སྐོར། བརྗོད་བྱ་ནི་གཉུག་སེམས་བདེ་གཤེགས་སྙིང་བོ། འགྲེལ་བྱ་ནི་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། འགྲེལ་བ་པོ་ནི་བོད་ཀྱི་པཎྜི་ཏ་ཇོ་ནང་བླ་མ་ས་བཟང་བློ་གྲོས་རྒྱལ་མཚན། བསྟན་བཅོས་འདིའི་མཚན་གཞན་རྒྱུད་བླ་ས་འགྲེལ་ཞེས་ཀྱང་གྲགས། གཞུང་ཚད་ལ་པོད་ཆེན་གཅིག་བཞུགས། རྩ་བ་འདི་ནི་ཁོང་གིས་རྒྱ་དཔེ་ལ་སླར་ཡང་གཏུགས་ཏེ་ཞུ་དག་བྱས་ནས་འགྲེལ་བ་མཛད་པ་ཞིག་ཡིན་ཏེ། གཞུང་དེའི་འགྱུར་བྱང་གི་འགྲེལ་བའི་སྐབས་སུ། བསྟན་བཅོས་འདི་ཉིད་རྗེ་བཙུན་གྱིས་ལེགས་པར་སྦྱར་བའི་སྐད་དུ་བརྩམས་ཤིང་། རིམ་གྱིས་འཕགས་པའི་ཡུལ་དུ་བྱོན་པ་ལས། པཎྜི་ཏ་ས་ཛ་ན་དང་། ལོ་ཙཱ་བ་ཆེན་པོས་བོད་སྐད་དུ་ལེགས་པར་བསྒྱུར་ཏེ་སྐལ་བ་དང་ལྡན་པའི་གདུལ་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད་དོ་ཞེེས་པའི་དོན་ཏོ། །སླར་ཡང་མཆོག་ཏུ་ཟབ་པའི་གཞུང་འདི་ལ། ལྷག་པར་མོས་པའི་བཙུན་པ་བློ་གྲོས་ཀྱིས། འཕགས་པའི་ཡུལ་གྱི་དཔེ་ལ་ལེགས་པར་གཏུགས་ནས་ཅུང་ཟད་བཅོས་ཤིང་ཤིན་ཏུ་དག་པར་བགྱིས། ཞེས་ཀྱང་བྱ་སྟེ། བདག་གིས་ཀྱང་མཆོག་ཏུ་ཟབ་པའི་ཚུལ་ལ་མཆོག་ཏུ་མོས་པའི་ཚུལ་ལ་ལྷག་པར་མོས་པའི་དབང་གིས་རྒྱ་གར་འཕགས་པའི་ཡུལ་གྱི་དཔེ་ལ་གཏུགས་ཏེ། ཅུང་ཟད་བཅོས་ཤིང་ཤིན་ཏུ་དག་པར་བགྱིས་པའོ། །ཞེས་བྱུང་། གཞུང་དེའི་བརྒྱུད་རིམ་ནི། གཞུང་དེའི་མཇུག་དེ་མ་ཐག་ཏུ། འདི་ནི་རྒྱལ་བའི་རྒྱལ་ཚབ་བྱམས་མགོན་ནས། ། ཐོགས་མེད་དབྱིག་གཉེན་བློ་བརྟན་གང་བ་སྤེལ། །༼ཁ་མ་༽རིན་ཆེན་རྡོ་རྗེ་སད་ཛ་ན་དང་ནི། །ས་ར་ཧི་ཏ་བློ་གྲོས་གྲགས་པ་དང་། །༼མར་པ་༽ཇོ་འཕན་དོན་གྲུབ་བརྩོན་སེང་༼མཆིམས་༽ནམ་མཁའ་གྲགས། །བཅོམ་ལྡན་རལ་གྲི་སྐྱི་སྟོན་ཤག་འབུམ་དང་། །སྐྱི་སྟོན་འཇམ་དབྱངས་ཀུན་མཁྱེན་ཆོས་རྗེ་༼དོལ་པོ་པ་༽ལ། ། བརྒྱུད་དེ་ས་བཟང་པ་ལ་གནང་བའོ། །ཞེས་བྱུང་།