22703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོ་རྒྱུད་བླའི་བཤད་པ་ངེས་དོན་ནོར་བུའི་མཛོད་ (1)
Part of speech མིང་ཚིག
Definition དབུ་མའི་སྐོར། ཐེག་ཆེན་དབུ་མའི་གཞུང་ཞིག་སྟེ། གཞུང་མཚན་རྒྱས་པ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བཤད་པ་ངེས་དོན་ནོར་བུའི་མཛོད། ཅེས་བྱུང་། མཛད་པ་པོ་ནི་མཁན་ཆེན་དོན་ཞགས་པའི་སློབ་མ་ཤཱཀྱའི་དགེ་སློང་ཡེ་ཤེས་རྡོ་རྗེ་དཔལ་བཟང་བོ། གཞུང་ཚད་ལ་པོད་ཕྱེད་ཙམ་བཞུགས། འབྲས་སྤུངས་དཔེ་རྙིང་བཀའ་རྒྱ་མ། བརྒྱུད་རིམ་ཡང་གཞུང་དེའི་མཇུག་ཏུ། ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གཉེན་བློ་གྲོས་བརྟན། །གྷ་ཡ་དྷ་ར་རྡོ་རྗེ་རིན་ཆེན་དཔལ། །ས་ཛ་ན་དང་བློ་ལྡན་ཤེས་རབ་དང་། །ཆོས་ཀྱི་སེང་གེ་སྨྲ་བའི་སེང་གེ་དང་། །ཤེས་རབ་བརྩོན་འགྲུས་བླ་མ་དབེན་དགེ་བ། །ཆོས་དཔལ་རྒྱལ་མཚན་བཀྲ་ཤིས་སེང་གེ་དང་། །རྩ་བའི་བླ་མ་མཁན་ཆེན་རིན་པོ་ཆེ། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་བྱུང་། །

{{#arraymap:ཐེག་པ་ཆེན་པོ་རྒྱུད་བླའི་བཤད་པ་ངེས་དོན་ནོར་བུའི་མཛོད་

|; |@@@ | | }}