22713

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ཡུལ་འཁོར་སྲུང་གི་སྔོན་གྱི་ཚུལ་གྱི་ལེའུ་ལས་བྱུང་བ་སྟེ། ༡ དད་པ་ནི་ཡོངས་སུ་མི་ཉམས་ཤིང་ཁྱད་པར་འགྲོ་བར་འགྱུར་རོ། །དད་པ་དེ་གང་ཞེ་ན། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང་། བྱ་བ་མ་ཡིན་པ་མི་བྱེད་པའོ། ། ༢ གུས་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་སྟེ། གུས་པ་གང་གིས་འཕགས་པ་རྣམས་ཀྱི་ལེགས་པར་བཤད་པ་རྣམས་གུས་པར་ཉན་པ་དང་། རྣ་བ་བླགས་ཏེ་ཆོས་ཉན་པའོ། ། ༣ ང་རྒྱལ་མེད་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། ང་རྒྱལ་མེད་པ་གང་གིས་འཕགས་པ་རྣམས་ལ་མངོན་པར་འདུད་པ་དང་། རབ་ཏུ་འདུད་པ་དང་། ཕྱག་འཚལ་བའོ། ། ༤ བརྩོན་འགྲུས་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། བརྩོན་འགྲུས་གང་གིས་ལུས་ཡང་བ་དང་། སེམས་ཡང་བ་འཐོབ་པ་དང་། བྱ་བ་ཐམས་ཅད་ཀྱང་ཉམས་འོག་ཏུ་ཆུད་པར་བྱེད་པའོ། །
Domain ཆོས་ལུགས།