22721

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོའི་ཆོས་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོ་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་དང་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་སྒྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་ཏེ། དེ་དག་ཀྱང་རིམ་པ་ལྟར་ཐེག་ཆེན་གྱི་སྡེ་སྣོད་རྒྱ་ཆེན་པོ་ལ་དམིགས་པ་དང་། རང་གཞན་གཉིས་ཀའི་དོན་གྲུབ་པ་དང་། བདག་མེད་པ་གཉིས་ཀ་རྟོགས་པ་དང་། བསྐལ་བ་གྲངས་མེད་གསུམ་དུ་གུས་སྦྱོར་གྱི་བརྩོན་འགྲུས་རྩོམ་པ་དང་། འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པ་མེད་པས་ལུས་ངག་གི་མི་དགེ་བ་བདུན་གནང་བ་ལྟ་བུ་དང་། སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་སྒྲུབ་པ་དང་། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པའི་འཕྲིན་ལས་རྣམས་ཡིན་ལ། དེ་བདུན་དང་ལྡན་པས་ན་ཐེག་པ་ཆེན་པོའི་ཆོས་ནི་གསུང་རབ་སྟེ་ཐེག་པ་ཆེན་པོའི་གསུང་རབ་ཅེས་པའོ། །
Domain ཆོས་ལུགས།