22727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition ཉེས་པར་ཐོས་པ་ཉན་པ་སྟེ། འདི་ལྟར་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་ཚོལ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མི་ཉན་པ། བདུད་ཀྱི་ལས་ཀུན་ནས་ལངས་པས་མངོན་པའི་ང་རྒྱལ་བྱེད་པ། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་ནས་ཆོས་སྤོང་བའོ།
Domain ཆོས་ལུགས།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (2)
Part of speech མིང་ཚིག
Definition ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པས་རྒྱགས་ནས་ཆོས་ཀྱི་ཡོན་ཏན་དོན་དུ་མི་གཉེར་བའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (3)
Part of speech མིང་ཚིག
Definition ཕ་རོལ་གྱི་རྙེད་པ་རྣམས་ལ་ཕྲག་དོག་བྱེད་པ་དང་། ཆོས་སྟོན་པ་རྣམས་ལ་གཡོས་སྟོན་པ་དང། གཟིངས་བའི་བློས་རྒྱུས་ཉེ་བར་སྤྱོད་པ་དང་། སླུ་བས་སེམས་མི་བརྟན་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (4)
Part of speech མིང་ཚིག
Definition དགེ་བའི་བཤེས་གཉེན་ལ་སྡིག་པའི་གྲོགས་པོར་འདུ་ཤེས་པ་དང་། སྡིག་པའི་གྲོགས་པོ་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (5)
Part of speech མིང་ཚིག
Definition སེར་སྣའི་དྲི་མ་ཅན་གྱི་སེམས་དང། སློང་བ་རྣམས་ལ་གནོད་པ་དང་ཐ་བ་ཅན་གྱིས་སེམས་དང་། བྱིན་ནས་འགྱོད་པའི་སེམས་དང་། ཐམས་ཅད་མཁྱེན་པ་ཉིད་ལ་སེམས་མི་ཕྱོགས་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (6)
Part of speech མིང་ཚིག
Definition འདུན་པས་སྦྱིན་པ་དང། ཞེ་སྡང་གིས་སྦྱིན་པ་དང། གཏི་མུག་གིས་སྦྱིན་པ་དང། འཇིགས་པས་སྦྱིན་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (7)
Part of speech མིང་ཚིག
Definition བརྗོད་པས་སྦྱིན་པ་དང། གྲགས་པས་སྦྱིན་པ་དང། སྒྲས་སྦྱིན་པ་དང། ཚིགས་སུ་བཅད་པས་སྦྱིན་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (8)
Part of speech མིང་ཚིག
Definition ངོར་བལྟ་བའི་སྦྱིན་པ་དང། སྐབས་ཅུང་ཟད་ཀྱི་ཕྱིར་སྦྱིན་པ་དང། བརྙས་ཐབས་སུ་སྦྱིན་པ་དང། རང་གི་ལག་ནས་སྦྱིན་པ་མ་ཡིན་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (9)
Part of speech མིང་ཚིག
Definition ངན་པ་སྦྱིན་པ་དང། མི་བཟོད་པའི་སྦྱིན་པ་དང། གུས་པར་མ་བྱས་པའི་སྦྱིན་པ་དང། མངོན་པའི་ང་རྒྱལ་གྱིས་སྦྱིན་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (10)
Part of speech མིང་ཚིག
Definition མཚོན་ཆ་སྦྱིན་པ་དང། དུག་སྦྱིན་པ་དང། རུང་བ་མ་ཡིན་པའི་སྦྱིན་པ་དང། མི་ཆོག་པར་སྦྱིན་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (11)
Part of speech མིང་ཚིག
Definition ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཞེ་སྡང་བ་དང་། ཚུལ་ཁྲིམས་འཆལ་བ་རྣམས་ལ་གནོད་པ་དང་ཐ་བའི་སེམས་དང་ལྡན་པ་དང། བདག་ཉིད་ལྷོད་པ་དང། ཚུལ་ཁྲིམས་དང་སྡོམ་པའི་གཏམ་ལ་གསོད་པ་ལྟ་བུར་འདུ་ཤེས་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (12)
Part of speech མིང་ཚིག
Definition ཡང་བའི་རྙེད་པ་ཡོངས་སུ་ཚོལ་བ་དང་། ཆོས་ཀྱིས་རྙེད་པ་ཀུན་ཏུ་འགྱེད་པར་མི་བྱེད་པ་དང། གཞན་གྱིས་ཐོབ་པ་གཅོད་པ་དང། རང་གིས་ཐོབ་པས་ཆོག་མི་ཤེས་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (13)
Part of speech མིང་ཚིག
Definition སྤྱོད་ལམ་གྱིས་ལུས་ཚུལ་འཆོས་པ་དང། ལོག་པར་སྨྲ་བས་ངག་ཚུལ་འཆོས་པ་དང། སྡིག་པ་འདོད་པས་སེམས་ཚུལ་འཆོས་པ་དང། འཚོ་བ་ཡོངས་སུ་མ་དག་པས་ཐམས་ཅད་དུ་ཚུལ་འཆོས་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (14)
Part of speech མིང་ཚིག
Definition ཐེག་པ་མཚུངས་པའི་ཡང་དག་པར་ཞུགས་པ་རྣམས་ལ་ཞེ་སྡང་བ་དང་། བདུད་ཀྱི་ལས་ཁོང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་ཅན་དང་། དེ་དག་གིས་བསྔགས་པ་མ་ཡིན་པ་བརྗོད་པ་དང། དེ་དག་གི་བསྔགས་པ་དང་ཡོན་ཏན་གྱིས་ཡིད་མི་བདེ་བར་འགྱུར་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (15)
Part of speech མིང་ཚིག
Definition ང་རྒྱལ་གྱིས་ཁེངས་ནས་ཆོས་རྣམས་ལ་རིམ་གྲོ་མེད་པ་དང་། ཆོས་སྨྲ་བ་རྣམས་ལ་མི་གུས་པ་དང། ཕ་མ་དང་སློབ་དཔོན་དང་མཁན་པོ་རྣམས་ལ་མི་འདུད་པ་རྣམས་དང། ལུས་དང་སེམས་རྩུབ་པས་རྟག་པར་རྒྱུན་དུ་མི་མཐུན་པར་གནས་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (16)
Part of speech མིང་ཚིག
Definition བདག་གི་ཡོན་ཏན་བརྗོད་པ་དང། གཞན་གྱི་ཡོན་ཏག་ལོག་པར་བརྗོད་པ་དང། ངའོ་སྙམ་པའི་ང་རྒྱལ་འབར་བ་དང། ཁྲོ་བ་བརྟན་པའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (17)
Part of speech མིང་ཚིག
Definition ལེ་ལོ་དང་། སྙོམས་ལས་དང་། བཀའ་བློ་མི་བདེ་བ་དང་། མཐུན་པར་མི་འཛིན་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (18)
Part of speech མིང་ཚིག
Definition མ་དུལ་བ་དང། མ་ཞི་བ་དང་། མ་སྦས་པ་དང། མ་བཏུལ་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (19)
Part of speech མིང་ཚིག
Definition ཐོས་པ་ཉུང་ངུས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དུ་འཇུག་པ་དང། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མི་གནས་པར་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་དང། དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་བུད་མེད་ལ་ལྟ་བ་དང་། མཉམ་པར་མ་བཞག་པའི་སེམས་ཀྱིས་སེམས་ཅན་གྱི་དབང་པོ་འཇུག་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (20)
Part of speech མིང་ཚིག
Definition བསྡུ་བའི་དངོས་པོ་ལ་མི་བརྩོན་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་གཡེལ་བ་དང་། ཆོས་སྤོང་གི་ལས་ཀུན་ཏུ་མི་སྲུང་བ་དང། ཆོས་སྨྲ་བའི་གང་ཟག་རྣམས་ལ་གནོད་པ་བྱེད་པའོ། ། 21. གཏི་མུག་གིས་འདོད་པ་ཆེ་བ་དང་། ཞེ་སྡང་གིས་སྡིག་པ་འདོད་པ་དང། འདོད་ཆགས་ཀྱིས་ཆོག་མི་ཤེས་པ་དང། ཆགས་པས་ངོམས་མི་མྱོང་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (21)
Part of speech མིང་ཚིག
Definition མ་དད་པས་མི་འདུན་པ་དང། སྡིག་པའི་གྲོགས་པོ་དང་བསྟེན་པས་སྡིག་པ་ལ་མི་སྨོད་པ་དང། ལེ་ལོས་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང། བག་མེད་པས་དགེ་བའི་རྩ་བ་བྱས་པ་རབ་ཏུ་འཇིག་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (23)
Part of speech མིང་ཚིག
Definition ནང་དུ་སོ་སོར་མི་རྟོག་པས་ངོ་ཚ་མེད་པ་དང། སངས་རྒྱས་ལ་མི་རྟོག་པ་ཁྲེལ་མེད་པ་དང། མཚམས་མེད་པ་དང་མཚུངས་པས་བྱས་པ་མི་གཟོ་བ་དང། རེ་བས་བྱས་ན་མི་འཇིགས་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (24)
Part of speech མིང་ཚིག
Definition གནོད་སེམས་དང་། ཁོང་ཁྲོ་བ་དང། འཁོན་དུ་འཛིན་པ་དང། རྣམ་པར་འཚེ་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (25)
Part of speech མིང་ཚིག
Definition འཕགས་པ་རྣམས་ལ་སླུ་བ་དང། འཕགས་པ་མ་ཡིན་པ་རྣམས་ལ་རྗེས་སུ་མི་སྲུང་བ་དང། སྦྱིན་པ་པོ་རྣམས་ལ་བརྙས་པ་དང། སྦྱིན་གནས་རྣམས་ལ་ཁྱད་དུ་གསོད་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (26)
Part of speech མིང་ཚིག
Definition ལུས་ཀྱི་ལས་ཡོངས་སུ་མ་དག་པ་དང། ངག་གི་ལས་ཀུན་ཏུ་མི་སྲུང་བ་དང། སེམས་ཀྱི་ལུས་ཞུམ་པ་དང། ཐེག་པ་ཆེན་པོ་ལ་སྒྱིད་ལུག་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (27)
Part of speech མིང་ཚིག
Definition འདུམ་པ་རྣམས་ལ་དབྱེན་བྱེད་པ་དང། སློབ་དཔོན་དང་མཁན་པོ་རྣམས་ལ་ཚིག་བརླང་བ་དང། དགོས་པ་དོན་དུ་གཉེར་བ་རྣམས་ལ་ཚིག་ཀྱལ་པ་སྨྲ་བ་དང། ལྷ་དང་མི་རྣམས་ལ་སླུ་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (28)
Part of speech མིང་ཚིག
Definition ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་མི་སྲུང་བ་དང། འཇིག་རྟེན་ཕ་རོལ་ལ་ལོག་པར་བརྗོད་པ་དང། དགེ་བའི་རྩ་བ་རྣམས་འཇིག་པ་དང། ཚོགས་བསགས་པ་རབ་ཏུ་འཇིག་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (29)
Part of speech མིང་ཚིག
Definition རྒོད་པའི་འཁོར་དང། ཁེངས་ཤིང་འདུས་པ་ལ་ཆགས་པ་དང། མུ་ཅོར་སྨྲ་བས་ལྟུང་བ་ཤིན་ཏུ་འདའ་བ་དང། ཆོལ་པའི་ཚིག་གིས་འཇིག་རྟེན་པའི་གསང་ཚིག་བརྗོད་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (30)
Part of speech མིང་ཚིག
Definition མི་རྩོམ་པར་དགོན་པ་ལ་གནས་པ་དང། ཁོང་ཁྲོ་བ་མང་ལ་འདྲི་ཞིང་གནས་པ་དང། དགེ་བའི་རྩ་བ་མ་བསྐྱེད་པར་བསོད་ནམས་དང་ལྡན་པར་འདུ་ཤེས་པ་དང། བྱང་ཆུབ་སེམས་དཔའི་མིང་གིས་ཐོབ་པས་འཚོ་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (31)
Part of speech མིང་ཚིག
Definition ཅང་ཤེས་མེད་པའི་སེམས་དང་། དམུ་རྒོད་ཀྱི་སེམས་དང། མ་དུལ་བའི་སེམས་དང། སེམས་ཅན་རྣམས་ལ་མི་སྙོམས་པའི་སེམས་སོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (32)
Part of speech མིང་ཚིག
Definition ཚུལ་ཁྲིམས་ཀྱིས་དྲེགས་པ་དང། མང་དུ་ཐོས་པས་དྲེགས་པ་དང། དགོན་པ་ལ་གནས་པས་དྲེགས་པ་དང། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་དྲེགས་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (33)
Part of speech མིང་ཚིག
Definition བདག་ལ་བརྙས་པ་དང། ཆོས་ལ་བརྙས་པ་དང། དགེ་བའི་རྩ་བ་ཆུང་ངུ་ལ་བརྙས་ཏེ་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་དང། སྐབས་སྐབས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་འདོད་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (34)
Part of speech མིང་ཚིག
Definition ལུས་དེ་ལ་ཆགས་པ་དང། སེམས་དེ་ལ་ཆགས་པ་དང། ཚུལ་ཁྲིམས་དང་ཐོས་པ་དེ་ལ་ཆགས་པ་དང། ཁྱད་པར་དུ་མི་འགྲོ་བའོ།
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (35)
Part of speech མིང་ཚིག
Definition མཛའ་བོའི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་ཡོངས་སུ་འཛིན་པ་དང། རྙེད་པ་དང་བཀུར་སྟི་ཡོངས་སུ་བཙལ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཡོངས་སུ་འཛིན་པ་དང། གནས་ཡོངས་སུ་འཛིན་པ་དང། ཚུལ་ཁྲིམས་དང་ལྡན་པ་ལ་ཞེ་སྡང་བས་ཡང་བའི་བྱ་བས་བཅིངས་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (36)
Part of speech མིང་ཚིག
Definition བྱ་བ་མང་བ་དང། རྙེད་པ་མང་བ་དང། སྨྲ་བ་མང་བ་དང། བཤེས་པ་མང་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (37)
Part of speech མིང་ཚིག
Definition བདག་ལ་མངོན་པར་ཞེན་པས་བདག་ཏུ་ལྟ་བ་དང་། སེམས་ཅན་ལ་མངོན་པར་ཞེན་པས་སེམས་ཅན་དུ་ལྟ་བ་དང། བྱ་བ་མ་ཡིན་པ་ལ་མངོན་པར་ཞེན་པས་ཆད་པར་ལྟ་བ་དང། སྲོག་དེ་དང་ལུས་དེ་ལ་མངོན་པར་ཞེན་པས་རྟག་པར་ལྟ་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (38)
Part of speech མིང་ཚིག
Definition རྩོམ་པ་རྒྱུན་གཅོད་པ་དང་། རྒྱུན་ཆད་པས་ཡང་དག་པར་རབ་ཏུ་མི་འཛིན་པ་དང་། ཡང་དག་པར་རབ་ཏུ་མ་བཟུང་བས་ཡོངས་སུ་སྐྱོ་བ་དང་། ཡོངས་སུ་སྐྱོ་བས་ལྡོག་ཅིང་འཇིགས་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (39)
Part of speech མིང་ཚིག
Definition ས་ནས་སར་འཕར་བ་ལ་བརྙས་པ་དང། བསམ་གཏན་ལས་ཟློག་པ་ལ་མི་མཁས་པ་དང། སེམས་ཅན་ལ་མི་ལྟ་བར་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་དང། དམིགས་པ་ཅན་དུ་གྱུར་ལ་ཐབས་ལ་ཁས་འཆེ་བའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (40)
Part of speech མིང་ཚིག
Definition ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དམན་པ་དང། ལས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དགེ་བའི་རྩ་བ་རྣམས་ལ་མི་བརྩོན་པ་དང། ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལངས་པས་ཕུང་པོ་གསུམ་གྱི་རྗེས་སུ་མི་འཇུག་པ་དང། བདུད་ཀྱི་ལས་ཀུན་ནས་ལངས་པས་བྱང་ཆུབ་ཀྱི་སེམས་བརྗེད་པའོ། །
ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ (41)
Part of speech མིང་ཚིག
Definition མདོ་ཀུན་ལས་བཏུས་པ་ཆེན་པོ་ལས་བྱུང་བ་སྟེ། ཐོས་པ་ཉུང་ངུས་གྲོང་དང་གྲོང་ཁྱེར་གྲོང་རྡལ་དུ་འཇུག་པ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མི་གནས་པར་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ། དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་བུད་མེད་ལ་བལྟ་བ། མཉམ་པར་མ་བཞག་པའི་སེམས་ཀྱིས་སེམས་ཅན་གྱི་དབང་པོ་ལ་འཇུག་པའོ། །