22728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོའི་བར་དུ་གཅོད་པ་སོ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ ཉན་ཐོས་ཀྱི་ཐེག་པ་འདོད་པ། ༢ རང་སངས་རྒྱས་ཀྱི་ཐེག་པ་འདོད་པ། ༣ བརྒྱ་བྱིན་དང༌། ཚངས་པ་ཉིད་མངོན་པར་འདོད་པ། ༤ སྐྱེ་བ་ལ་གནས་ཏེ་ཚངས་པར་སྤྱོད་པ། ༥ དགེ་བའི་རྩ་བ་གཅིག་ལ་ཆགས་པ། ༦ ལོངས་སྤྱོད་བདོག་པ་རྣམས་ལ་སེར་སྣ་བྱེད་པ། ༧ སེམས་ཅན་རྣམས་ལ་མཉམ་པར་མི་སྦྱིན་པ། ༨ ཚུལ་ཁྲིམས་ལྷོད་པ། ༩ བྱང་ཆུབ་ཀྱི་སེམས་མི་སྲུང་བ། ༡༠ གནོད་སེམས། ༡༡ ཁོང་ཁྲོ་བ་བག་ལ་ཉལ་བར་བྱེད་པ། ༡༢ སེམས་ཞུམ་པ། ༡༣ བརྗེད་ངས་པ། ༡༤ ཐོས་པ་དོན་དུ་མི་གཉེར་བ། ༡༥ དཔྱོད་པ་མེད་པ། ༡༦ འཕགས་པ་མ་ཡིན་པ། ༡༧ ང་རྒྱལ་ལས་ཀྱང་ང་རྒྱལ་འཕེལ་བ། ༡༨ ལུས་དང༌། ངག་དང༌། སེམས་ཀྱི་ལས་ཡོངས་སུ་མ་དག་པ། ༡༩ དམ་པའི་ཆོས་མི་སྲུང་བ། ༢༠ སློབ་དཔོན་ཆོས་འཆབ་པ། ༢༡ བསྡུ་བའི་དངོས་པོ་རྣམས་འདོར་བ། ༢༢ ཡང་དག་པར་དགའ་བར་འགྱུར་བའི་ཆོས་གཏོང་བ། ༢༣ སྡིག་པའི་གྲོགས་པོ་སྟེན་པ། ༢༤ བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་སྟེ། ཕུང་པོ་གསུམ་པ་དང་མི་མཐུན་པ། ༢༥ དགེ་བའི་རྩ་བ་ཆུང་ངུས་རློམ་སེམས་བྱེད་པ། ༢༦ ཐབས་མེད་པར་ལྷུང་བའི་བློ། ༢༧ ཕྱིར་ཞིང་དཀོན་མཆོག་གསུམ་གྱི་བསྔགས་པ་མི་སྨྲ་བ། ༢༨ བྱང་ཆུབ་སེམས་དཔའ་གནོད་པར་སེམས་པ། ༢༩ མ་ཐོས་པའི་ཆོས་སྤོང་བ། ༣༠ བདུད་ཀྱི་ལས་ཁོང་དུ་མི་ཆུད་པ། ༣༡ འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པ། ༣༢ སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་དང༌། འཁོར་བས་ཡོངས་སུ་སྐྱོ་བ་བཅས་སོ། །
Domain ཆོས་ལུགས།