22741

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོར་ཆོས་བསྟན་པ་རྣམ་པ་བཅུ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་འོད་སྲུངས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་སྒྲུབ་པ་ན་ལོག་པར་ཞུགས་པར་འགྱུར་བ་ལོག་པར་སྒྲུབ་པའི་རྣམ་པ། ༢ བྱང་ཆུབ་སེམས་དཔའ་སྒྲུབ་པ་ཡང་དག་པར་ཞུགས་པར་འགྱུར་བ་ཡང་དག་པར་སྒྲུབ་པའི་རྣམ་པ། ༣ ཡང་དག་པར་སྒྲུབ་པའི་ལེགས་པའི་རྣམ་པ། ༤ བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པ། ཆོས་སྤྱོད་པ། མཉམ་པར་སྦྱོར་བ། དགེ་བ་སྤྱོད་པ། ཆོས་ལ་གནས་པའི་ཚུལ་གྱི་རྣམ་པ། ༥ བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་པ་དད་པ་ཡང་དག་པར་བསྐྱེད་པའི་ཕྱིར་དཔེའི་རྣམ་པ། ༦ བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པའི་རྣམ་པ། ༧ ཉན་ཐོས་ཀྱི་བསླབ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པའི་ཁྱད་པར་གྱི་རྣམ་པ། ༨ བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཤིན་ཏུ་བསླབས་པའི་བྱང་ཆུབ་སེམས་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱ་བའི་རྣམ་པ། ༩ བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་དེ་ལ་ཉན་ཐོས་ཀྱི་བསླབ་པའི་རྣམ་པ། ༡༠ དགེ་སྦྱོང་ལེགས་པར་མ་བསླབས་པའི་རྣམ་པ། ༡༡ དགེ་སྦྱོང་ལེགས་པར་བསླབས་པའི་རྣམ་པ། ༡༢ བརྡའི་སྡོམ་པ་ལ་གནས་པའི་རྣམ་པ། ༡༣ དེ་བཞིན་གཤེགས་པས་འདུལ་བའི་ཐབས་ཀྱི་རྣམ་པ། ༡༤ དོན་དམ་པའི་སྡོམ་པས་འདུལ་བའི་ཐབས་ཀྱི་རྣམ་པ། ༡༥ ལྡེམ་པོ་དག་ཏུ་སྨྲས་པའི་རྣམ་པ། ༡༦ བྱང་ཆུབ་སེམས་དཔའི་སྡེ་སྣོད་གདམས་ངག་ལ་མོས་པའི་ལེགས་པའི་རྣམ་པ་བཅས་སོ། །
Domain ཆོས་ལུགས།