From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐེག་པ་བཅུ་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། ཐེག་པ་བཅུ་དྲུག་ནི། ཕྱོགས་བཅུའི་མུན་སེལ་ལས། སོར་བཞག་ལྷ་མིའི་ཐེག་པ་གཉིས། ཕྱི་རོལ་པའི་སྡེ་ལྔ། ནང་པའི་རིམ་པ་དགུ། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་དང་བཅུ་དྲུག་ཏུ་ཡང་བཤད་དེ། སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་ཀྱི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་སོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
ཐེག་པ་བཅུ་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
གྲུབ་མཐའ་མཛོད་ལས། སོར་གཞག་ལྷ་མིའི་ཐེག་པ་གཉིས། ཕྱི་རོལ་པ་གཉིས། ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ་གཉིས། སེམས་ཙམ་པ་དང༌། དབུ་མ་རང་རྒྱུད་པ་གཉིས། དབུ་མ་ཐལ་འགྱུར་བ་དང༌། བྱ་བ་དང་སྤྱོད་པ། རྣལ་འབྱོར་དང་མ་ཧཱ། ཨ་ནུ་ཨ་ཏི་དང་བཅོ་ལྔ་སྟེ། རྡོ་རྗེ་སྙིང་པོ་འོད་གསལ་ལྷུན་གྱིས་གྲུབ་པའི་ཐེག་པ་དང་བཅུ་དྲུག་ཏུ་གསུངས་སོ། །
|