22749

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཐེག་པ་བཞི་ནི། ཕྱི་མཚན་ཉིད་ཀྱི་ཐེག་པ་དང་། ནང་གསང་བའི་ཐེག་པ་གསུམ་སྟེ་བཞིའོ། །དེ་ཡང་། དཀོན་ཅོག་འགྲེལ་ལས། ཐེག་པ་བཞིར་ཡང་བསྟན་ཏེ། གསང་བའི་ཐིག་ལེ་ནོར་བུའི་རྒྱུད་ལ་སོགས་པའི་པདྨའི་རིགས་ཀྱི་སྡོམ་པ་གཟུང་བའི་སྐབས་ལས། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་རབ་ཏུ་གཟུང་། །ཞེས་གསུངས་པ་ལྟ་བུ་སྟེ། ཕྱིའི་ཐེག་པ་ནི། མཚན་ཉིད་ཀྱི་ཐེག་པར་བསྡུས་པ་མཐའ་དག་གོ ། གསང་བའི་ཐེག་པ་གསུམ་ནི། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དེ། འདི་གསུམ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་པ་ཡིན། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐེག་པ་བཞི་

|; |@@@ | | }}

ཐེག་པ་བཞི་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞི་འདྲེན་བྱེད་ཀྱི་ཐེག་པ་བཞི་སྟེ། འདོད་པ་རང་རྐྱེན་གྱི་ཐེག་པ་དང། བཀྲི་དྲང་བརྒྱུད་པའི་ཐེག་པ་དང། ལྡེམ་དགོངས་སྦྱོར་བའི་ཐེག་པ་དང། དོན་དམ་ངེས་པར་སྣང་བའི་ཐེག་པའོ། །འདི་དག་ལ་མཚོན་པའི་ཚིག་བཞི་དང་། བསྟན་པ་བཞི་ཞེས་ཀྱང་གསུངས།

{{#arraymap:ཐེག་པ་བཞི་

|; |@@@ | | }}