22754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཐེག་པ་ལྔ་ནི། དཔལ་གསང་བ་སྙིང་པོ་ལས། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། ཐེག་པ་ལྔ་ནི། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། གསང་བ་བླ་ན་མེད་པའི་ཐེག་པའོ། །ཞེས་དང་། ཐེག་པ་རྣམ་པ་ལྔར་བཞག་པ་འདི་ནི། དཔལ་གསང་བའི་སྙིང་པོ་འདི་ཉིད་ཀྱི་དབང་དུ་བཤད་པར་ཟད་ཀྱི། བཀའ་སྤྱིའི་གཞུང་ལ་གྲགས་པ་ལྟར་ན་ཐེག་པ་ལ་ནི་གྲངས་ངེས་པ་ཁོ་ན་གཟུང་དུ་ཡོད་པ་མ་ཡིན་ཏེ། ཞེས་དང་། འོད་གསལ་སྙིང་པོ་ལས། ཐུན་མོང་ངེས་འབྱུང་གི་ཐེག་པ་བཞི་ཕྱི་རྒྱུད་སྡེ་གསུམ་དང་བཅས་པ་སྐབས་འདིར་རིང་བའི་ལམ་ཞེས་བྱ་ཞིང་། ཐུན་མིན་རྡོ་རྗེའི་ཐེག་པ་ནི་འབྲས་བུ་ལ་ཉེ་བའི་ལམ་སྟེ་གཉིས་ཡིན་ནོ། །གཉིས་པ་ལྔར་ཕྱེ་ན། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་བཞིན་དུ། ལྷ་མིའི་ཐེག་པ། ཉན་ཐོས་ཀྱི་ཐེག་པ། རང་བྱང་ཆུབ་ཀྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ། གསང་བ་བླ་མེད་ཀྱི་ཐེག་པ་ལྔ། ཞེས་གསུངས།
Domain ཆོས་ལུགས།
ཐེག་པ་ལྔ་ (2)
Part of speech མིང་ཚིག
Definition དབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། ལང་ཀར་གཤེགས་པ་ལས། ལྷའི་ཐེག་པ་དང། ཚངས་པའི་ཐེག་པ་དང། ཉན་ཐོས་ཀྱི་ཐེག་པ་དང། རང་རྒྱལ་གྱི་ཐེག་པ་དང། སངས་རྒྱས་ཀྱི་ཐེག་པ་ལྔར་འགྱུར་རོ། །
Domain ལྟ་གྲུབ།