22758
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་རྒྱུད་ཉིད་བསྟན་པ་གཞན་ལས་འཕགས་པའི་ཆེ་བ་བདུན་གསུངས་པའི་ཡ་གྱལ་ཞིག་སྟེ། དཔེ་རི་རབ་ལྷུན་པོ་བཞིན་དུ་རྒྱུད་འདི་ཐེག་པ་ཀུན་གྱི་ཡང་རྩེ་ཡིན་པའི་ཆེ་བ་ལྡན་ཚུལ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔེར་ན་ཡུལ་གླིང་དང་ས་ཁམས་རི་བོ་དང་མཐའི་མུ་ཁྱུད་དང་བཅས་པ་ཐམས་ཅད། རི་རབ་ལྷུན་པོའི་རྩེ་མོ་ཉིད་ནས་བལྟས་ན། ཐམས་ཅད་ཀུན་གསལ་བ་དང༌། ཁོབས་འོག་ཏུ་ཆུད་པ་དང༌། མར་ལྟ་བའི་ཡུལ་ཁོ་ནར་མཐོང་བ་ལྟར། གྲངས་ཀྱི་བཀོད་པ་ཇི་སྙེད་དུ་སྣང་བའི་ས་དང༌། ཐེག་པའི་རྣམ་གྲངས་དེ་སྙེད་ཐམས་ཅད་ཀུན་ཀྱང༌། གསང་སྔགས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཇི་བཞིན་པ་རང་བྱུང་ལྷུན་གྱིས་གྲུབ་པའི་དོན་འདི་ཉིད་ཡང་དག་པར་མཐོང་ཞིང་རྟོགས་ན། དེ་དག་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་དང༌། དམའ་བས་ཁོབས་འོག་ཏུ་ཆུད་པ་དང༌། མར་ལ་ལྟ་བ་ཁོ་ནར་སྣང་བ་དེ་ལྟར་ངེས་པར་འདོགས་པའི་སྒོ་ནས་ཡི་གེ་འདི་ཡང་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པར་ངེས་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |