22763

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་མཆོག་དབུ་མ་རྣམ་ངེས་ (1)
Part of speech མིང་ཚིག
Definition དབུ་མའི་སྐོར། གཞུང་མཚན་རྒྱས་པ་ནི། ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ། ཞེས་གསོལ། མཛད་པ་པོ་ནི་རྗེ་བཙུན་ཏཱ་ར་ནཱ་ཐ། གང་ལ་བརྟེན་པའི་ཁུངས་ཀྱང་གཞུང་དེའི་དབུར། ངེས་དོན་མདོ་དང་ས་བཅུའི་དབང་ཕྱུག་དང་། དྲང་ངེས་འབྱེད་པར་ལུང་བསྟན་འཕགས་པའི་མཆོག ། ཐོགས་མེད་ཞབས་ཏེ་མཁས་པའི་གཙུག་རྒྱན་བཅས། །སྤྲོས་བྲལ་རིག་པར་ལུང་བསྟན་ཀླུ་སྒྲུབ་སོགས། །ཞེས་བྱུང་། གཞུང་ཚད་ལ་རབ་བྱེད་བརྒྱད་བཞུགས། རབ་བྱེད་དང་བོ་དབུ་མའི་རང་བཞིན་ངོས་བཟུང་བ། རབ་བྱེད་གཉིས་པ་ཤེས་བྱའི་ཡུལ་སྤྱི་ལྡོག་ནས་གཏན་ལ་དབབ་པ། རབ་བྱེད་གསུམ་པ་སངས་རྒྱས་ཀྱི་སྙིང་བོ་ཆོས་ཀྱི་དབྱིངས་གཏན་ལ་དབབ་པ། རབ་བྱེད་བཞི་པ་རྣམ་ཤེས་ཚོགས་བརྒྱད་སྒྲུབ་པ་གཏན་ལ་དབབ་པ། རབ་བྱེད་ལྔ་བ་ཆོས་ལྔ་དང་རང་བཞིན་གསུམ་དང་རྟེན་འབྲེལ་གཏན་ལ་དབབ་པ། རབ་བྱེད་དྲུག་པ་བདག་མེད་གཉིས་གཏན་ལ་དབབ་པ། རབ་བྱེད་བདུན་པ་བདེན་པ་གཉིས་ཀྱི་དོན་གཏན་ལ་དབབ་པ། རབ་བྱེད་བརྒྱད་པ་ལམ་དང་འབྲས་བུ་གཏན་ལ་དབབ་པ་བཅས་སོ། །མཛད་པའི་ཡུལ་ནི་དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ། །ཞེས་བྱུང་།