From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་སྦྱོར་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
རྟེན་གྱི་དབྱེ་བས་ཐ་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་ནི། མཛོད་གནས་ལྔ་པ་ལས། འཇིག་ཚོགས་ལ་ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། ཐེ་ཚོམ་ཉོན་མོངས་ཅན། འདོད་པ་ལ་འདུན་པ། གནོད་སེམས་བཅས་ལྔ་ལ་ཐ་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་ཟེར། དེ་དག་ལ་ཐ་མའི་ཆ་མཐུན་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི། ཁམས་ཐ་མ་ལ་འདོད་པ་ཀུན་ཏུ་སྦྱོར་བས་དེ་ལྟར་བརྗོད།
|
| Domain
|
ཆོས་ལུགས།
|
ཀུན་སྦྱོར་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
གོང་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་ནི། གཟུགས་ལ་ཆགས་པའམ་གཟུགས་ལས་སྐྱེས་པའི་འདོད་ཆགས། གཟུགས་མེད་ལ་ཆགས་པའམ་གཟུགས་མེད་ལས་སྐྱེས་པའི་འདོད་ཆགས། རྒོད་པ། ང་རྒྱལ། རྨོངས་པ་བཅས་ལྔ་ལ་གོང་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་ཟེར།
|