2280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སློང་གཉིས་ (1)
Part of speech མིང་ཚིག
Definition མདོ། ཀུན་སློང་དེ་ལ་གཉིས་ཡོད་དེ། རྒྱུའི་ཀུན་སློང་དང་། དུས་ཀྱི་ཀུན་སློང་གཉིས་ཡོད་པའི་ཕྱིར། དང་པོ་ནི། བྱ་བ་འདི་ཉིད་བྱ་སྙམ་ནས་བྱ་བ་སྐྱེད་པར་བྱེད། གཉིས་པ་ནི། རྗེས་སུ་འཇུག་པ་དེ་དང་དུས་མཐུན་པར་ཞུགས་ནས་བྱ་བ་དེ་སྐྱེ་བ་ལ་ཕན་འདོགས་པའི་ཕྱིར། དེ་དག་གི་མཚན་གཞི་ཡང་ཡོད་དེ། མཐོང་སྤང་དུ་གྱུར་པའི་རྣམ་ཤེེས་ནི་རབ་ཏུ་འཇུག་བྱེད་དང་། སྒོམ་སྤང་དུ་གྱུར་པའི་ཡིད་ཤེས་དེར་གྱུར་པའི་རྒྱུའི་ཀུན་སློང་དང་དེར་གྱུར་པའི་དུས་ཀྱི་ཀུན་སློང་གཉིས་ཀ་དང་། དབང་ཤེས་ལྔ་ནི་རྗེས་འཇུག་ཁོ་ན་ཡིན་པའི་ཕྱིར། རྗེས་སུ་འཇུག་ཚུལ་ཡང་ཡོད་དེ། སྤྱིར་བཏང་ལ་རབ་ཏུ་འཇུག་བྱེད་དགེ་སོགས་གསུམ་ལ་རྗེས་སུ་འཇུག་བྱེད་ཀྱང་དགེ་སོགས་ཅི་རིགས་སུ་ཡོད་ལ། དམིགས་ཀྱིས་བསལ་ན། དེའི་ཁྱབ་པ་ངེས་པ་མ་ཡིན་ཏེ། ཐུབ་པའི་རབ་ཏུ་འཇུག་བྱེད་དགེ་བ་དང་། ལུང་མ་བསྟན་ལ་རྗེས་སུ་འཇུག་བྱེད་ཀྱང་དེ་གཉིས་དང་འདྲའམ་ལུང་མ་བསྟན་ལས་རྗེས་འཇུག་དགེ་བར་འགྱུར་བ་ཡོད་ཀྱི། རྒྱུའི་ཀུན་སློང་དགེ་བ་ལས་རྗེས་འཇུག་དུས་ཀྱི་ཀུན་སློང་ལུང་མ་བསྟན་དུ་འགྱུར་བ་མེད་པའི་ཕྱིར། གོང་དུ་སྒོམ་སྤང་དུ་གྱུར་པའི་ཡིད་ཤེས་རྒྱུའི་ཀུན་སློང་དང་། དབང་ཤེས་རྣམས་རྗེས་འཇུག་ཏུ་བཤད་ན་ཡང་ཁྱབ་མཐའ་འཛིན་པ་མ་ཡིན་ཏེ། རྣམ་སྨིན་སྐྱེས་ཡིན་ན་འབད་མེད་ཏུ་འཇུག་པས་རབ་འཇུག་དང་རྗེས་འཇུག་གཉིས་ཀ་མ་ཡིན་དགོས་པའི་ཕྱིར།
Domain ཆོས་ལུགས།