22819
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས། ཐེམ་བྱང་གཏེར་གྱི་བུམ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཇོ་མོ་མཁར་བཟས་བཀའ་བསྡུ་མཛད་པའོཿ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་པར་བོད་ཀྱི་ཡུལ་དུ་གཏེར་འདྲ་གཏེར་རྫུན་གྱིས་གང་བ་བྱུང་བའི་རྐྱེན་གྱིས། ལ་ལས་གཏེར་ཆོས་དངོས་ལ་སྨོད་པ་འབྱུང་སྐབས་དེ་དག་གི་ལོག་རྟོག་སེལ་ཆེད་ཐུགས་གཏེར་དང་། ཡང་གཏེར་དང་། སྙིང་པོའི་གསང་གཏེར་གསུམ་སོགས་ཀྱི་ཐེམ་བྱང་བསྟན། |