22824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེམ་ཡིག་མེད་པའི་བཀའ་རྒྱ་མ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ཤིན་ཏུ་ངོ་མཚར་ཆེ་བ་བཞུགས་པ་ཐེམ་ཡིག་མེད་པའི་བཀའ་རྒྱ་མ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ ཐུགས་ཀྱི་གསང་སྒོ་ཞུས་པའི་ལན་དུ་བསྡམས༔ པདྨའི་ཐུགས་སྲས་ཤེས་རབ་བློ་ལྡན་པའི༔ རིགས་ལྡན་ལས་ཅན་དེ་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ནི། ལང་འགྲོ་དཀོན་མཆོག་འབྱུང་གནས་ཀྱིས་དམ་པའི་ཆོས་ཉམས་སུ་ལེན་པ་ལ་ཐོག་མར་ཁག་གང་ཆེ་ཞུས་པ་ལ། གུ་རུས་དེའི་ལན་དུ་གདམས་པ་ཉམས་སུ་ལེན་པ་ལ་ཐོག་མར་བློ་ལྡོག་རྣམ་བཞིས་བློ་སྦྱོང་བའི་སྒོ་ནས་ཉམས་ལེན་ཇི་ལྟར་བྱ་ཚུལ་བསྟན་པའོ། །