22825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེམ་ཡིག་རིན་པོ་ཆེའི་གཏེར་མཛོད་ཐུགས་སྒྲུབ་དྲག་པོའི་ལྡེ་མིག་བཀའ་རྒྱ་ཅན་ (1)
Part of speech མིང་ཚིག
Definition ཐེམ་ཡིག་རིན་པོ་ཆེའི་གཏེར་མཛོད་ཐུགས་སྒྲུབ་དྲག་པོའི་ལྡེ་མིག་བཀའ་རྒྱ་ཅན། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཐུགས་སྒྲུབ་དྲག་པོ་བོད་ཡུལ་གཏེར་གཅིག་མ༔ གུ་རུའི་གསུང་བཞིན་མཁར་ཆེན་དཀར་ཆག་བཏབ༔ ཨ་ཙར་ཡེ་ཤེས་བཀའ་ཡི་ཡི་གེ་མཁན༔ ཁོ་མོའི་འབྲི་རོགས་གསལ་དག་སྐྱེན་པར་བྲིས༔ ཤོག་སེར་ལས་བཀོད་ལྷོ་གཏེར་འབྲས་བུའི་ཚུལ༔ དཔལ་གྱི་ཕུག་རིང་གཟིམ་ཁང་བྱང་གི་བྲག༔ རིན་ཆེན་དྭངས་རྩེ་ཀླུ་ཡི་ནོར་བུ་རུ༔ ལེགས་པར་བསྒྲུབས་ཏེ་རྒྱ་གསུམ་བཏབ་སྟེ་སྦས༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པའམ་ཆོས་རྒྱལ་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། གཏེར་ཆོས་པོད་ཅའི་རྟགས་ཅན་གྱི་ཆོས་ཚན་རྣམས་ཀྱི་མཚན་དང་། དེ་དག་གནས་གང་དང་གང་དུ་སྦས་ཡོད་ཚུལ། དེ་རྣམས་ཉམས་སུ་ལེན་ཚུལ་བཅས་བསྟན།

{{#arraymap:ཐེམ་ཡིག་རིན་པོ་ཆེའི་གཏེར་མཛོད་ཐུགས་སྒྲུབ་དྲག་པོའི་ལྡེ་མིག་བཀའ་རྒྱ་ཅན་

|; |@@@ | | }}