2283

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སློང་གི་མི་དགེ་བ་ (1)
Part of speech མིང་ཚིག
Definition མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་དང་། མི་དགེ་བའི་མཚན་ཉིད་སྐྱེ་སོགས་ཐོབ་པ་དང་བཅས་པ་ནི་ཀུན་སློང་གི་མི་དགེ་བ་ཡིན་ཏེ། མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་པའི་དབང་གིས་མི་དགེ་བར་ངེས་པའི་ཕྱིར། ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།
ཀུན་སློང་གི་མི་དགེ་བ་ (2)
Part of speech མིང་ཚིག
Definition མི་དགེ་བ་བཞིའི་ནང་གསེས་ཤིག་སྟེ། མི་དགེ་བའི་རྩ་བ་དང་ངོ་ཚ་དང་ཁྲེལ་མེད་དེ་དག་གིས་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་དང་། སྐྱེ་བ་ལ་སོགས་པ་དང་། ཐོབ་པ་རྣམས་ནི་ཀུན་ནས་སློང་བའི་མི་དགེ་བའོ། །