22882
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲུ་གུ་ཆོས་རྒྱལ་གསུམ་པ་ལྷུན་གྲུབ་རྒྱ་མཚོ་མཆོག་ནི། རབ་བྱུང་ ༡༢ ས་སྟག ༡༦༩༨ ལོར་་སྐུ་འཁྲུངས། རྗེ་ཀུན་དགའ་བསྟན་འཛིན་གྱི་ཐུགས་སྲས་སློབ་མའི་གཙོ་བོ་ཞིག་ཡིན་པར་བརྒྱུད་ཡིག་དང་། རྗེ་ཀུན་དགའ་བསྟན་འཛིན་གྱི་བཀའ་འབུམ་ལུང་རྒྱུན་དཀར་ཆག་དང་། རྗེ་ཆོས་ཀྱི་ཉི་མའི་རྣམ་ཐར་ཉིད་ཀྱིས་མཛད་པ་ལས་གསལ། སྒྲུབ་པའི་རྒྱལ་མཚན་དགུང་དུ་བསྒྲེངས། རྟེན་གསུམ་བཞེངས་པའང་རྒྱ་ཆེན་མཛད། ལྷ་བྲག་མདའ་ནང་དང་གཡང་ར་མར་སྒྲུབ་སྡེ་ཁག་དང་། དགོན་རྙིང་ཁར། གདན་ས་གསར་འདེབས་ཀྱིས་དེར་འབྲུག་ལུགས་སྒྲུབ་པ་ཁག་རྒྱུན་འཛུགས་གནང་བ་སོགས་མཛད་དོ། ། |