22883

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་གྲུ་གུ་ཆོས་རྒྱལ་བཞི་པ་པད་དཀར་རྒྱ་མཚོ་ (1)
Part of speech མིང་ཚིག
Definition གྲུ་གུ་ཆོས་རྒྱལ་བཞི་པ་པད་དཀར་རྒྱ་མཚོ་མཆོག་ནི། རྗེ་ཁམས་སྤྲུལ་ཆོས་ཀྱི་ཉི་མའི་ཞལ་སློབ་མཁས་བཙུན་བཟང་གསུམ་སོགས་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་ཆེ། དགོན་རྙིང་དུ་དགོན་པའི་ལོགས་རིས་སོགས་དཔེ་མེད་ཡོད་སྐད། སྒྲུབ་པའི་སྡེ་རྣམས་སུ་སྒྲུབ་ཚུགས་ཀྱི་མིག་ལྟོས་བྱེད་ཡུལ་ཆོག་པ་ལྟ་བུར་གྱུར་པ་མཛད། འབྲི་ཟོག་ར་ལུག་སོགས་སུམ་སྟོང་ལྔ་བརྒྱ་བསླུ་ཡོན་དུ་གནང་བར་གྲགས་པ་ཐུབ་དབང་རྒྱ་གར་ལི་མ་ཁྲི་རྒྱབ་ཡོལ་བཅས་ཐོག་བརྩེགས་གཅིག་ཅན་མ་དེ་ཉིད། དགོན་པའི་རྟེན་གཙོར་བཞུགས་སུ་གསོལ་བ་དང་། གཞན་ཡང་འབྲུག་ལུགས་སྒྲུབ་མཆོད་དང་དུས་མཆོད་ཆ་ཚང་བ་འཛུགས་པར་མཛད་དོ། །