22886

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་གྲུ་གུ་དྲུག་པ་མདོ་བླ་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཐོ་གྲུ་གུ་ཆོས་རྒྱལ་སྐུ་ཕྲེང་དྲུག་པ་མདོ་བླ་བསྟན་འཛིན་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ ༡༨༥༠ ལ་བྲག་ཡབ་མདོ་བ་རོ་བའི་ནང་སྐུ་འཁྲུངས། སྐུ་ཡོན་གསན་བསམ་ཉམས་བཞེས་དང་གྲུབ་པའི་རྣམ་ཐར་ཚད་མེད་བཞུགས། ཉིན་རེའི་མཛད་རྣམ་རྣམས་ལེའུ་ཐོར་བྲིས་མཛད། གསུང་རྩོམ་ཀྱང་གང་འཚམ་བཞུགས་ཡོད་འདུག་ཀྱང་། ཕྱིས་རིག་གནས་གསར་བརྗེའི་སྐབས་མེ་ལ་བསྲེགས་ཤོར། སྨན་རྩིས་སྒྲ་རྣམས་ལ་ཤིན་ཏུ་མཁས། སྒྲུབ་སྡེ་བ་དང་གྲྭ་པ་ཆོས་པ་རྣམ་དག་མང་པོ་བྱུང་སྐད། སྐུ་ཚ་ཡོན་དཔལ་ཞུ་བ་བནྡེ་འདུལ་འཛིན་ཆེན་པོ་གཞུང་དང་རིག་གནས། ལྷ་བྲི་རྒྱུ་དང་བཅའ་རྒྱུ་བཅས་ལ་མཁས་པ་ཚད་ལྡན་ཞིག་བྱུང་བ་དེའི་སྐུ་གསུང་ཐུགས་རྟེན་གྱང་ལྷ་སོགས་བཞེངས་པ་རྒྱ་ཆེན་པོས་བསྟན་པ་ལ་ཕན་ཐོག་རྒྱ་ཆེར་བྱུང་། གྲུབ་དབང་ཤཱཀྱ་ཤྲི་ཞུ་བའི་གྲྭ་སློབ་ཕྱིས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དེ་བྱུང་ངོ་། །