22887
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བདུན་པ་ཆོས་རྒྱལ་དོན་འགྲུབ་དཔའ་བོ་མཆོག་ནི། རབ་བྱུང་༡༥པའི་མེ་ཁྱི་ ༡༨༨༧ ལ་བྲག་ཡབ་བཙན་འཁྲིར་འཁྲུངས། ཞབས་ཡོངས་རྩེ་མཐུན་གྱི་ལུང་ལྟར་གདན་སར་ཁྲི་གསོལ་ཞུས། ཆུང་ངུ་ནས་གྲུབ་པའི་རྟགས་མཚན་ངོ་མཚར་མང་པོ་ཡོད་ཚུལ་ཡུལ་མིའི་གཏམ་རྒྱུད་ལ་སྣང་། རིགས་ཀྱི་བདག་པོ་རྗེ་བསྟན་པའི་ཉི་མའི་ཆོས་སྲས་ཀྱི་ཐུ་བོར་གྱུར། གཞན་ཡང་གྲུབ་དབང་ཚོགས་གཉིས་གཙོས་མཁས་གྲུབ་བླ་མ་མང་པོ་བརྟེན། ཤཱཀྱ་ཤྲིའི་སྲས་མོ་ཨ་ཞེ་ཨ་པད་གཟུང་མར་བཞེས། སྲས་རྒྱུན་མི་བཞུགས། ཕྱིས་ལྷ་ས་དང་། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐྱིད་སྦུག་སོགས་ལ། གྲུབ་དབང་ཤཱཀྱ་ཤྲི་ཡུམ་སྲས་བཅས་ལྷན་དུ་ཕེབས། སྐུ་ཚེའི་སྨད་ལ་གྲུ་གུར་ཕེབས་ནས་ལྷ་བྲག་གསོལ་སྡེར་ཁར་སྐུ་མཚམས་ལ་དགོངས་པ་མ་རྫོགས་བར་བཞུགས། ཕུར་བསྙེན་དུང་ཕྱུར་ཁ་ཤས་གསུང་བར་གྲགས། མངོན་ཤེས་གྲུབ་རྟགས་ཐུགས་རྗེ་བྱིན་རླབས་ཆེ་བའི་ལོ་རྒྱུས་མང་པོ་འདི་སྐབས་ཀྱི་མི་རབས་རྣམས་ལ་སྣང་། སྐུ་གདུང་རིང་བསྲེལ་མང་། ཨ་པད་ལྷ་མོ་འདས་དུས་དབུ་ཐོད་ལ་ཏཱྃ་རང་བྱུང་བྱོན་པ་བཅས་བྱུང་ངོ་། ། |