22889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་གྲུ་གུ་ལྔ་པ་ལོ་རུ་བླ་མ་བསྟན་འཛིན་དབང་པོ་ (1)
Part of speech མིང་ཚིག
Definition ཐོ་གྲུ་གུ་ཆོས་རྒྱལ་སྐུ་ཕྲེང་ལྔ་པ་ལོ་རུ་བླ་མ་བསྟན་འཛིན་དབང་པོ་མཆོག་ནི། བེ་རུ་ལོ་རུ་ཚང་སར་འཁྲུངས། སྐུ་ཡོན་ཆེ་ཡང་། སྦས་པའི་རྣལ་འབྱོར་པ་ཆོས་བརྒྱད་རོ་སྙོམས་ཤིང་སྒྲུབ་པ་ཁོ་ནར་སྐུ་ཚེ་ཧྲིལ་པོར་བརྩོན་པ་ལས། མཛད་འཕྲིན་གཞན་བསྐྱུངས་ནས་བཞུགས། རྒྱུན་དུ་ཕྱག་འཁོར་དང་ཕྲེང་བ་མི་འབྲལ་བ་ཞིག་ཡོད་སྐད། འདིའི་སྐབས་སུ་ཉིད་ཀྱི་སྐུ་ཚ་ངག་རྒྱལ་སྐུ་ཕྲེང་དང་པོ་དེ་བྱུང་ངོ་། །