22890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་ཅོ་ (1)
Part of speech མིང་ཚིག
Definition སྤྱོད་པ་ཞི་དུལ་མ་ཡིན་པར་རྩིང་པོའི་དོན་ཏེ།
Example མ་རྟོགས་ཐོ་ཅོ་ཅན་གྱི་གྲུབ་རྫུ་འཆལ་པོ་མང་བའི་དུས་འདིར་ལྟ་བུ།
ཐོ་ཅོ་ (2)
Part of speech མིང་ཚིག
Definition བག་མེད་དང་འབྲེལ་བའི་བཞད་གད་སློང་བའི་ཅ་ཅོ་སྟེ།
Example དབེན་དགོན་དག་ནས་ཐོ་ཅོ་བྱས་ན་མི་རུང་ལྟ་བུ།
ཐོ་ཅོ་ (3)
Part of speech མིང་ཚིག
Definition བརྟག་དཔྱད་ཞིབ་མོ་མེད་པར་གང་བྱུང་དུ་བྱས་པའི་དོན་ཏེ།
Example སྨན་བཅོས་རིམ་གྲོ་གང་ལ་ཡང་མ་དཔྱད་པར་ཐོ་ཅོ་བྱ་མི་རུང་ལྟ་བུ།