22896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་ཐོ་རི་གཉན་བཙན་ (1)
Part of speech མིང་ཚིག
Definition བོད་བཙན་པོའི་གདུང་རབས་ཉེར་བདུན་པ་ལྷ་ཐོ་དོ་སྙན་བརྩན་ནི། ཡབ་ཁྲི་ཐོག་བརྩན་དང་ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་གཉིས་ཀྱི་སྲས་སུ་བལྟམས། གཙོ་ཡི་བོན་པོ་གཡང་སྐྱེས་དང༌། མཚོའི་བོན་པོ་འདུལ་སྲོང༌། འབྲིའི་བོན་པོ་ཤོད་དྲི་གསུམ་གྱིས་སྐུ་བོན་བྱས། གནོ་བཟའ་མང་མོ་རྗེ་ཇི་དགོས་ཞེས་པ་ཁབ་ཏུ་བསུས་སོ། །རྒྱལ་རབས་ཆོས་འབྱུང་ཁག་ན་བཙན་པོ་འདིའི་དུས་ལ་བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་དབུ་བརྙེས་པར་བཤད། འོན་ཀྱང་དེའི་སྐོར་ཡང་འཆད་ཚུལ་མི་འདྲ་བ་མང་ཞིང༌། འདི་ཡར་ལུང་ཆོས་འབྱུང་ལས་དྲངས་ན། སྐུ་མཁར་ཡུམ་བུ་བརླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་རྒྱ་པ་དང༌། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་གེ་འབྲུ་དྲུག་པ། ཚིནྔྷ་མ་ཎིའི་རྐོས་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་ནམ་མཁའ་ལས་བྱོན་ཞེས་གསལ་ཞིང༌། ནེལ་པའི་ཆོས་འབྱུང་ལས་ནི། བོན་པོ་གནམ་ལ་དགའ་བས་དེ་ནས་བབས་ཟེར་བ་ཡིན་གྱི། དོན་ལ་པཎྜིཏ་བློ་སེམས་འཚོ་དང༌། ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་རྣམས་ཁྱེར་འོངས་པ། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས་ཆོས་རྣམས་བཞག་སྟེ་ལོ་པཎ་ཕྱིར་ལོག་ཟེར་ཞེས་འཁོད་པ་ལྟར། ཅི་ཡིན་ངོ་མ་ཤེས་ཀྱང༌། ངོ་མཚར་སྐྱེས་ནས་ཕོ་བྲང་གི་དཀོར་ཁང་དུ་བཞུགས་སུ་གསོལ་ཏེ། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པས་བཙན་པོ་དགུང་ལོ་དྲུག་ཅུ་ལོན་པ་ལ་སེའུ་སྐྱེས། དབུའི་སྐྲ་དཀར་རྣམས་ཀྱང་ནག་པོར་གྱུར། གཉེར་མ་མེད་ཅིང་སྐུ་གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་པ་ཡིན་ཞེས་གྲགས། བཙུན་མོ་གནོ་བཟའ་མང་པོ་རྗེ་ཇི་དགོས་ཁབ་ཏུ་བསུས། སྲས་ཁྲི་སྙ་ཟུང་བརྩན་འཁྲུངས། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་འདི་ནས་བརྙེས་པར་བརྩི། །བཙན་པོ་འདིའི་གཅུང་ལྷ་བཟངས་བྱ་བ་ཐང་མཚམས་སུ་ཕབ་པར་གྲགས།