22914

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་ཡོན་བླ་མ་ཡེ་ཤེས་དོན་འགྲུབ་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོར་ཧོར་ཆིང་གེར་རྒྱལ་བོའི་རིགས་རྒྱུད་ཡབ་དཔལ་མཆོག་དང་ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། སོག་ཡིག་དང་མན་ཇུའི་ཡི་གེ་རྒྱ་ཡིག་སོགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་དྲུག་སྟེང་རྒྱ་ནག་གོང་མའི་ཞབས་ཕྱི་ཕེབས་ཏེ་རྗེས་སུ་ནང་བློན་བྱས། དགུང་ལོ་ཉི་ཤུའི་སྟེང་བཙུན་མོ་བཞེས་པར་རིགས་སྲས་གཉིས་བྱུང། དགུང་ལོ་ཉེར་ལྔའི་ཐོག་རབ་ཏུ་བྱུང་སྟེ་བོད་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་ཀུན་མཁྱེན་ཆོས་འབྱུང་དང་ཁྲི་རྒྱ་ནག་པ་ལ་སོགས་པའི་ཕར་ཕྱིན་ཡིག་ཆ་ལྔ་བཅུ་ལྷག་ཙམ་ལ་ཐུགས་གཉེར་གྱིས་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ལ་མཆན་འགྲེལ་མཛད། པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། དགེ་བའི་བཤེས་གཉེན་བརྒྱ་དང་ལྔ་བཅུ་ལྷག་ལས་དབང་ལུང་མན་ངག་མང་དུ་ཞུས་པར་མ་ཟད་པོ་ཏི་སུམ་བརྒྱའི་ལུང་ཡང་གསན། མཆི་ཨམ་བན་སྐབས་བོད་ཀྱི་རྒྱལ་བོ་བྱེད་ཐུབ་ཀྱང་དེ་མ་གནང་བར་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བཞུགས། ཕྱི་ལོ་ ༡༨༥༥ ལོར་དགོངས་པ་རྫོགས། བྱམས་པའི་སྐྱེས་རབས་སྐད་གཉིས་ཤན་སྦྱར། མདོ་སྡེ་དང་བྱང་ས་གཉིས་བའི་སྦྱར་རྣམ་བཤད། སྤྱོད་འཇུག་འགྲེལ་བ། ལེགས་བཤད་སྙིང་པོའི་མཆན་དྲང་ངེས་བཞི་དྲིལ་སོགས་མང་ཡང་དཔར་དུ་མ་འགོད་པ་རྣམས་རིམ་གྱིས་ཐོར་འདུག