22915
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚོ་སྔོན་པོའི་ཕྱོགས་ཀྱི་ཙུལ་གེ་ཇ་སག་བསོད་ནམས་དབང་རྒྱལ་གྱི་སྲས་སུ་འཁྲུངས། འཁྲུངས་ལོ་མི་གསལ། ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། སྐུ་འབུམ་དགོན་དུ་ཕེབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། མཚན་ཉིད་ཀྱི་རིགས་ལམ་ལེགས་པར་སྦྱངས། རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། འདོན་ཆོག་རྣམས་བློར་འཛིན་དང་། གར་ཐིག་དབྱངས་གསུམ་སོགས་ཕྱག་ལེན་མན་ངག་གི་སྐོར་ལ་ཞིབ་རྒྱས་སྦྱངས། རྒྱུད་གཞུང་བྱང་འདྲེན་དང་། བླ་མ་བྱང་འདྲེན་གཉིས་ཀར་བཞུགས། སྔགས་ཀྱི་དམ་བཅའ་བཞག། ཆོ་འཕྲུལ་སྨོན་ལམ་སྐབས་སྔགས་རམས་པའི་མིང་བཏགས་བཞེས། རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་པའི་ཆུ་ཕག་ཕྱི་ལོ་ ༡༨༦༣ ལོར་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། འདས་ལ་མི་གསལ སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བཅུ་བདུན་པ་དང་། སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ཞེ་གཉིས་པ་ཡིན། |